www.dharmabook.ru tibetan OCR



པ་མེད་པ་ད་ང་། ཆད་པ་མེད་པ་ད་ང་། རྟག་པ་མེད་པ་དང་། འོང་བ་མེད་
པ་དང་།
འགྲོ་བ་མེད་པ་དང་། དོན་ཐ་ད་ད་པ་མ་ཡིན་པ་དང་། དོན་
གཅིག་[༡]པ་མ་ཡིན་པ་དང་ལྡན་པ་བསྟན་པ་ལ།
སངས་རྒྱས་པ་དག་ལས་ཁ་ཅིག་
བློ་གྲོས་ངན་པའི་དྲ་བས་གཡོགས་པ་དག་དོན་ལ་ལོག་པར་རྟོགས་པས་འདིར་ཉན་
ཐོས་མདོ་སྡེ་
པ་[༢]དག་ལས་ཁ་ཅིག་དེ་སྐད་ཟེར་རོ་ཞེས་བྱ་བར་སྦྱར་ར་རོ། དེ་ལ་
རང་གི་སྡེ་པ་ད་ག་ལས་ཞེས་བྱ་བ་ནི་ཉན་ཐོས་མདོ་སྡེ་པ་དག་ལས་ས་སོ།
གཞན་
ད་ག་ཞེས་བྱ་བ་ནི་ཉན་ཐོས་མདོ་སྡེ་པ་དེ་དག་ལས་ཁ་ཅིག་ག་གོ།
འདི་སྐད་ཅེས་བྱ་
བ་ནི་ཉན་ཐོས་མདོ་སྡེ་པ་དག་ལས་ཁ་ཅིག་འདི་སྐད་ཅེས་ཟེར་རོ་ཞེས་
བྱ་བར་སྦྱར་
རོ༑
དེ་དག་འདི་སྐད་ཅེས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་
སོགས་པའི་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་དེ་གསུང་རབ་ལས་འབྱུང་བ་ནི་་་་
བདེན་ན།
འདིར་བསྟན་བཅོས་བྱེད་པས་དེའི་དོན་མ་རྟོགས་སོ་ཞེས་ཟེར་ཏེ།
དེའི་ཕྱིར་དེ་དག་ཉིད་ན་རེ། སྐྱེ་བ་མེད་པ་ནི་དེ་ལས་གཞན་སྐྱེ་བ་མེད་པའི་ཕྱིར་
ཏེ༑
དབང་ཕྱུག་མ་ཡིན་པ་བཞིན་ནོ་ཞེས་ཟེར་ར་རོ། དེ་ལ་སྐྱེ་བ་མེད་པ་ནི་་་་་
ཞེས་བྱ་བ་འདི་ནི་ཕྱོགས་ཏེ་གསུང་རབ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་་
འབྲེལ་པར་འབྱུང་བ་ཞེས་བྱ་བའི་ཁྱད་པར་སྐྱེ་བ་མེད་པ་ཞེས་བྱ་བ་ནིའོ།
དེ་
ལས་གཞན་སྐྱེ་བ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་འདི་
ནི་ཕྱོགས་ཀྱི་ཆོས་ཏེ། འདི་
ལྟར་མིག་དང་གཟུགས་དང་སྣང་བ་ད་ང་ནམ་མཁའ་དང་ཡིད་ལ་བྱེད་པ་ཞེས་བྱ་བ་
རྐྱེན་གྱི་ཚོགས་པ་[༢]ཡོད་པ་དེ་ལས་གཞན་འབྲས་བུ་རྣ་བ་ལ་སོགས་པའི་རྣམ་པར་་
ཤེས་པ་ད་ང་།
བུམ་པ་དང་སྣམ་བུ་ལ་སོགས་པ་དང་། མྱུ་གུ་ད་ང་ལྡོང་བུ་ལ་
སོགས་པ་[༤]སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་
མེད་པ་ཞེས་བྱ་བ་འམ། ཡང་ན་འབྲས་བུ་
མིག་གི་རྣམ་པར་ཤེས་པ་དེ་ལས་གཞན་འབྲས་བུ་རྣ་བ་ལ་སོགས་པའི་རྣམ་པར་་་་་་

གླ་8---9

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*