www.dharmabook.ru tibetan OCR



པ་ཚར་དོགས་ན་གླེབས་ཆེར་གྱིས་ཤིག་པའོ། མི་འཛུམས་[༡]པའི་ཕྱིར་དབུས་སུ་
ཕྱིང་བུ་གཞུག་ཅེས་
པ་ནི་ལྷུང་བཟེད་ལ་སོགས་པའི་ཐག་པ་འཛུམ་གྱིས་དོགས་[༢]ན་
དབུས་སུ་ཕྱིང་བུ་ཆུག་ཤིག་པའོ།
མི་འཁྲུལ་པའི་ཕྱིར་སྐབས་སྐབས་སུ་བྱ་རྗེས་བྱ་
ཞེས་པ་ནི་སྐབས་སྐབས་སུ་བྱ་རྗེས་ལྟ་བུའི་སྲུབས་ཀྱིས་མནན་ན་ཕྱིང་བུ་མི་འཆུགས་[༢]
པར་སྟོན་པའོ།
ལྷུང་བཟེད་ཀྱི་རིམ་གྲོ་ཇི་ལྟར་བྱ་བའི་རིམ་པ་དེ་ལྟར་བསྟན་
ནས་ད་ནི་ལྷུང་བཟེད་ཀྱི་རིམ་གྲོ་སྤྱིར་
སྟོན་ཏེ། ལྷུང་བཟེད་མིག་བཞིན་དུ་བསྲུང་
ཞེས་པ་ནི།
མིག་རྣམ་པ་གང་གིས་ཀྱང་རི་མ་གྲོ་བྱ་བ་བཞིན་དུ་ཇི་[༤]ནས་ཀྱང་
རིམ་གྲོ་བསྐྱེད་པའི་དཔེར་
བསྟན་པའོ། སྦྱར་མ་པགས་པ་བཞིན་ཞེས་པ་ནི་
པགས་པ་
རླུང་དང་ཆར་དང་ཉི་དུགས་ལ་རིམ་གྲོ་བྱ་བ་བཞིན་དུ་ཆོས་གོས་སྦྱར་མ་
རིམ་གྲོ་ཆེར་གྱིས་ཤིག་པའོ།
ཆོས་གོས་ལྷག་མ་རྣམས་ཀྱང་ཞེས་པ་ནི་སྦྱར་མ་ཉི་
ཚེར་མ་ཟད་ཀྱི་ཆོས་གོས་ལྷག་མ་རྣམས་ཀྱང་རིམ་གྲོ་གོང་མ་དང་འདྲ་བར་གྱིས་་་་
ཤིག་པའོ།
གོང་དུ་རན་པར་སྤྱད་ཅེས་སྨོས་པའི་ཞོར་[༥]ལ་ཆོས་གོས་ལ་གོགས་་་་
པའི་
རིམ་གྲོར་བྱ་བ་འང་བསྟན་པར་བྱ་བ་ཡིན་ཏེ། རིམ་གྲོ་དེ་[༦]ལྟར་བྱས་ནས་་་་
དེངས་ཤིག་ཟད་པ་ཐབས་ཇི་ལྟར་བྱ་ཞེ་ན།
བ་ཅོས་པ་ལ་མི་ག།ཡེལ་བར་བྱ་ཞེས་
པ་ཡིན་ཏེ་ཆོས་གོས་བཀྲུ་ཞིང་བཙེམ་པ་ལ་སོགས་
པ་དང་ལྷུང་བཟེད་གླན་[༧]ཅིང་་
བ་ཅོས་པ་ལ་སོགས་པ་ལ་མ་གཡེལ་ཅིག་པའོ།
མི་གཡེལ་བའི་ཐབས་ཇི་ལྟར་བྱ་
བ་ནི།
དབེན་པའི་ཕྱོགས་སུ་ལྷུང་བཟེད་ཀྱི་ལྷན་པ་གདབ་ཅེས་པ་ལ་སོགས་པ་་་་
ཡིན་ཏེ་དཔྱས་སུ་འགྱུར་བའི་ཕྱིར་ར་རོ།
དགེ་འདུན་གྱི་མགར་སྤྱད་བསགས་ཞེས་
པ་ནི་དེ་ལྟ་བས་ན་དགེ་འདུན་སྤྱིས་མགར་སྤྱད་
ཚང་བར་ཤོམས་ཤིག་པའོ། བུ་
རམ་དང་།
རྒྱ་སྐེགས་དང་། སྤྲ་ཚིལ་དང་། ཚོན་མོ་སྟེང་དེ་དག་རྡོལ་བ་ལ་
མི་དགེ་ཞེས་པ་ནི་ལྷུང་བཟེད་ཀྱི་ལྷན་
པར་མི་རུང་བ་རྣམས་མིང་གིས་སྨོས་ཏེ་སྟོན་
2 --60

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*