ལག་པ་གཉིས་སུ་ཡང་ནི་རྡོར་དྲིལ་ལོ། དེ་རྗེས་སྔགས་པས་ཀུ་ཤའི་རྩེ་མོ་ལ། 
རྡོ་རྗེ་རྩེ་གཅིག་རྣམ་པར་བསྒོམས་ནས་ནི། རྡོ་རྗེའི་སྦུབས་སུ་ངེས་པར་བཅུག་
ནས་ནི།
དེ་ནི་མེ་དང་འདྲ་བར་བསྒོམ་པར་བྱ། དེ་རྗེས་མཉམ་གཞག་
སེམས་ཀྱིས་དེ་ཡི་ནི། སྙིང་གར་བཞག་[༡]པའི་ཤེས་པ་རབ་འབར་བ། རྡོ་རྗེ་
རྩེ་
ནས་རླུང་གིས་བསྐྱོད་པ་ཡི། འབར་བ་རྣམས་ཀྱིས་ཀུན་དུ་བསྐྱོད་པར་བྱ།
མེ་ཡི་འོད་ཟེར་གྱིས་ནི་རེག་པ་ཡི། ད་ངུལ་གྱི་བཞིན་དུ་དེ་ནི་འཕར་བར་བསྒོམ།
སྟེང་གི་སྒོ་ནས་རྣམ་པར་གྲོལ་བའམ། ཡང་ན་རྣམ་དག་སངས་རྒྱས་ཞིང་དུའོ།
གལ་ཏེ་ཤེས་པའམ་གཞན་དག་མཐོང་ན་ན་ནི། འཁོར་བའི་རྒྱ་མཚོ་རུ་ནི་ལྟུང་བར་
འགྱུར༑
དེ་ཕྱིར་སྟེང་སྒོ་ཡི་ནི་ལམ་ནས་སུ། དེ་ཡི་སྟེང་དུ་འཕོ་བར་[༢]བྱ་བ་
ཡིན༑
སྤྱི་བོ་ནས་ནི་གཟུགས་མེད་འགྲོ་བ་སྟེ། མཛོད་སྤུ་ནས་ནི་གཟུགས་ཀྱི་
ཁམས་སུ་གྲགས།
 མིག་གཉིས་ནས་ནི་མི་ཡི་འགྲོ་བ་ཉིད། རྣ་བ་དག་ནས་
གྲུབ་པའི་ལྷ་རུ་སྐྱེ།
སྣ་བུག་དག་ནས་གནོད་སྦྱིན་ཉིད་དུ་སྟེ། ཁ་ནི་དྲི་ཟ་རུ་
ནི་
ངེས་པར་འགྲོ། ལྟེ་བ་ནས་ནི་འདོད་པའི་ཁམས་ཀྱི་ལྷ། ཁུ་བའི་སྦུབས་
ནས་
ཡི་དྭགས་འགྲོ་བར་ར་རོ། ཆུ་ཡི་ལམ་ནས་དུད་འགྲོའི་སྐྱེ་གནས་སུ།
བཤང་བའི་ལམ་ནས་དམྱལ་བའི་འགྲོ་བར་ནི། ཐེ་ཚོམ་མེད་པར་འགྲོའོ་དེ་ཡི་
ཕྱིར༑
ལམ་ངན་དག་ནི་རྣམ་པར་སྤང་བར་བྱ། དེ་ན་ས་དེ་ཐར་པའི་གྲོང་
ཁྱེར་དུ་
གཞག་[༢]པའི་ཕྱིར། དེའི་མདུན་དུ་ཞི་བའི་སྦྱིན་སྲེག་ཏུ་གསུངས་པའི་ཆོ་
ག་ཡོངས་སུ་
ཚང་བས་སམ། རྫས་གཅིག་པའི་སྦྱིན་སྲེག་བཤད་པའི་ཆོ་གས་ཤི་
བྲེལ་གྱིས་བྱིན་པའི་ཡོ་བྱད་རྣམས་[༤]རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤིས་ཀྱི་མེ་ལ་སྦྱིན་
སྲེག་བྱའོ།
དེའི་རྗེས་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པ་ཐེག་པ་
ཆེན་པོའི་མདོ་
བཀླག་པར་བྱའོ། དེའི་རྗེས་ལ་ཐམས་ཅད་བསྡུས་ཏེ་ཤི་བདག་ལ་
2----96


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*