ཞེས་སོ། སྐུ་གསུང་ཐུགས་ནི་གསང་བ་སྟེ་རྡོ་རྗེ་འཛིན་པའོ། འདུས་པ་ཡང་
དེ་ཉིད་ད་དོ།
ཤིན་ཏུ་གྲུབ་པར་བྱེད་པའི་ཕྱིར་བྱིན་གྱིས་རློབ་པ་ལ་སོགས་པ་སྨོས་
སོ༑
ལེའུ་དང་པོའི་དོན་ཇི་སྙེད་པ་རྫོགས་སོ།
་་
ད་ནི་སྦྱོར་བ་
དང་པོ་དང་དཀྱིལ་འཁོར་དབྱུང་བ་གསུངས་ནས། དོན་་་་་
དམ་པའི་བྱང་ཆུབ་ཀྱི་སེམས་
ཐུན་མོང་དང་ཁྱད་པར་གསུངས་པ་དེ་ནས་ཞེས་པ་ལ་
སོགས་པའོ།
དེ་ནས་ནི་ད་ཀྱིལ་འཁོར་དབྱུང་བའི་དེ་མ་ཐག་གོ། སྦྱོར་བ་ནི་
མཆོད་
པ་ལ་སོགས་པ་བྱ་སྟེ་གསོལ་ཏོ་ཞེའོ། དེའི་དམ་[༡]ཚིག་ནི་སྐུ་གསུང་ཐུགས་
ཀྱི་མཆོག་
ཅེས་པ་སྟེ་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། གསུང་ནི་སྤྲུལ་པའི་སྐུ།
ཐུགས་ནི་ཆོས་ཀྱི་སྐུའོ། དེ་དག་གི་རང་བཞིན་ཡིན་པས་ཀུན་གྱི་གསང་བ་སྟེ།
ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་དང་བླ་ན་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་
བདག་
ཉིད་ཀྱི་སྟེ། དེ་ཀུན་གྱི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་ན་སྙིང་པོ་སྟེ་ས་བོན་ནོ།
དེ་ནས་ནི་ཞུས་པའི་དེ་མ་ཐག་ག་གོ། ཡོངས་སུ་རྟོག་པ་ནི་ཐེ་ཚོམ་མེད་པར་ཞུས་པ་
རྣམས་
མཁྱེན་པ་སྟེ། ཇི་ལྟར་ཞེ་ན། ཇི་ལྟ་བ་བཞིན་མཁྱེན་པ་དང་། ཇི་་
སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་
རང་བཞིན་ལ་ཐུགས་ཀྱིས་ཤེའོ། ཁྱེད་ཀྱིས་ཞེས་
བྱ་བ་ནི་
བྱང་ཆུབ་སེམས་དཔའོ་སེམས་ལུས་ལྟ་བུ་དང་ཞེས་པ་ཡུལ་གྱི་རྣམ་པ་དང་
རང་གི་མཚན་ཉིད་མེ
ད་པར་གང་དུ་རྟོག་པའི་སེམས་དགག་པའོ། ལུས་[༢]
སེམས་དབྱེར་མེད་པ
ར་བ་སྟན་པའི་ཕྱིར་རྟོག་པས་བསྐྱེད་པའི་ལུས་ཀྱང་ད་གག་པ་སྟེ།
དེའི་ཕྱིར་ལུས་སེམས་ལྟ་བུ་ཞེས་སྨོས་སོ། ངག་སེམས་ལྟ་བུ་དང་། སེམས་ཚིག་
བརྗོད་པ་ལྟ་བུ་
ནི་གོང་འོག་གི་ཚུལ་གྱིས་ངག་ཡིད་ཐ་མི་ད་ད་པར་བྱ་བ་བསྟན་པ་སྟེ།
རྟོག་པས་བསྐྱེད་པ་དགག་པའི་ཕྱིར་རོ། དེས་ནི་འདི་སྐད་དུ། ལུས་ནི་་་་་་་་
23---33


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*