ལས་གཞན་གསུངས་པ་ཏ་ལའི་ཞེས་པ་རྣམས་ཏེ། ཏ་ལའི་ལོ་མའམ་གཞན་གྲོ་
གའམ༑
རས་སམ་ཤིང་ཤུན་ན་ནམ། ཤོག་ཤོག་ལ་བསྒྲུབ་བྱའི་གཟུགས་བྲིས་ཏེ།
མིང་རུས་བར་དུ་བཅུག་པའི་སྔགས་བསྐུལ་ཚིག་དང་ལྡན་པ་བྲིས་ལ་བཟླས་པ་ལ་
སོགས་པ་བྱ་ཞིང་། དེ་ཉིད་དགྲའི་ཁྱིམ་མམ་སྒོར་སྦས་ྦས་ན། འཆིའམ་འོན་ཏེ་་་་
སྐམས་པར་འགྱུར་བས། དེ་ལྟར་བྱ་ཞེས་པའི་དོན་ཏོ། ད་ནི་རིགས་ཀྱི་བྱེ་
བྲག་ཚུལ་
གྱིས་ནི། རྡོ་རྗེ་ཕུར་བུས་གད་བ་པར་བྱ། ཞེས་པས་སྐུ་ལ་སོགས་
པའི་ཕུར་བུ
ས་མངོན་སྤྱོད་ཀྱི་ལས་ཀྱི་སྐུ་གསུང་ཐུགས་ཀྱི་ལྷ་འཇིག་རྟེན་ལས་འད་ས་
པ་ལ་
གདབ་པ་བསྟན་པའི་ཕྱིཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་
སྐུ་ལ་སོགས་
པ་ངེས་པར་འཆིང་བ་ནི་ངེས་པར་ག་ཅིག་ཏུ་དབྱེར་མེད་པ་སྟེ། དེ་་
ལ་རྡོ་རྗེ་འཛིན་
པའི་ཚུལ་གྱིས་ཞུགས་ནས་ཐམས་ཅད་གནོན་པ་རྡོ་རྗེ་ཁྲོ་བོ་རྣམས་ཏེ།
དེའི་རྡོ་རྗེ་ཕུར་བུས་[༡]སྔགས་འདི་ཕྱུང་ངོ་ཞེས་ས་སོ། འདིའི་ཆོ་ག་ནི་གང་དུ་གང་
གྱུར་པས་ཆོ་ག་བཞིན་དུ་གཟུགས་བརྙ་ན་བྱས་ཏེ། དེའི་སྙིང་གར་མིང་རུས་
སྔགས་ཀྱི་བར་དུ་བཅུག་པ་བཅུག་སྟེ་མིའི་རུས་པའམ། སེང་ལྡེང་ངམ།
ལྕགས་ལས་བྱས་པའི་ཕུར་བུ་སྨད་གསལ་ཤིང་སྟོད་དགྲ་བགེགས་ལྟ་བུའི་གཟུགས་
བསམས་ནས། གང་ལྡན་པས་ཨོཾ་གྷ་གྷ་གྷཱ་ཏ་ཡ་ཞེས་པའི་སྔགས་བཟླས་ཤིང་
གདབ་
པར་བྱའོ། གདབ་པའི་ཚུལ་ནི་འོད་འཕྲོ་འཁྲུག་ཅིང་ཞེས་པ་ལ་སོགས་པ་
སྟེ༑
ཐབས་དང་ཤེས་རབ་ཏུ་ལྡན་པའི་རྡོ་རྗེ་སེམས་དཔའི་རིགས་དང་འབྲེལ་
པའི་སྟོབས་པོ་
ཆེའི་ཕུར་བུ་བཞག་ལ། དེས་ཐུགས་ཀྱི་རྡོ་རྗེ་ལ་ཆོ་ག་ཇི་ལྟ་བ་་་་་་་་
བཞིན་
གད་བ་པར་བྱའོ། ད་ནི་སྣང་མཛད་ཀྱི་རིགས་ད་ང་འབྲེལ་པའི་གཤིན་རྗེ་
གཤེད་ཀྱི་
ཕུར་བུས་དེའི་སྐུའི་རྡོ་རྗེ་ལ་ཆོ་ག་ཇི་ལྟ་བ་བཞིན་གདབ་པར་བསྟན་པའི་
ཕྱིར༑
རྣམ་པར་སྣང་མཛད་ཅེས་པའི་ཚིག་སྨོས་སོ། ཡང་ན་འདོད་་ཆགས་་
23-----205


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*