སོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ད་ང་གསུང་དང་ཐུགས་རྡོ་རྗེ་
བཙུན་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་པདྨའི་གནས་ན་བཞུགས་པར་སྟོན་ཏོ།
བི་ཛ་ཧ་རའི་སྒྲས་ནི་བཞུགས་པའི་དོན་ཏོ། བཞུགས་སོ་ཞེས་པའི་སྒྲས་ནི་རྣམ་
པར་
གནས་སོ་ཞེས་པའི་དོན་ཏོ། ཡང་རྣམ་གྲངས་གཞན་དུ་ཡང་བཤད་པར་བྱ་
ཨེ་ཁཾ་ཞེས་པ་ནི་འཛིན་པའི་དོན་ཏེ། སྡུད་པར་མཛད་པ་རྡོ་རྗེ་ཆོས་
ཀྱིས་བསྡུས་པའོ།
དེ་ཡང་འདི་སྐད་ཅེས་བྱ་བ་ནས། བཅོམ་ལྡན་འད་ས་ཀྱིས་
གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པ
འི་བར་དག བདག་གིས་མངོན་སུམ་
དུ་ཐོས་
སོ་ཞེས་སྟོན་ཏོ། བདག་གིས་ཞེས་པ་ནི་གཞན་དང་གཞན་ལས་བརྒྱུད་པ་
ལྟ་བུ་མ་ཡིན་པའི་དོན་ཏོ། ས་མ་ཡ་ཞེས་པའི་སྒྲ་ནི་དུས་མཚོན་པའོ། འདི་
ལྟར་དུས་
མཚོན་པ་ཡང་དུས་གསུམ་ལ་སོགས་པ་དུས་ངེས་པར་བསྟན་པ་ནི་མ་ཡིན་
ནོ༑
ཅིའི་ཕྱིར་ཞེ་ན། དགོས་པ་མེད་པའི་ཕྱིར་རོ། བཅོམ་ལྡན་འདས་
ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་།
ད་བང་ཕྱུག་ལ་སོགས་པ་དང་ལྡན་པའི་
ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་
གསུང་དང་ཐུགས་
སྙིང་པོ་རྡོ་རྗེ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་ད་ག་གི་
ཐུགས་ཀྱི་
སྙིང་པོའི་ས་བོན་ནི་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་མཚན་ཉིད་ད་དོ།
བཙུན་མོ་ཞེས་པ་ནི་ཕྱག་རྒྱའི་དོན་ཏོ། བཅོམ་ལྡན་འདས་ཆོས་ཀྱི་འབྱུང་
གནས་དེའི་
གནས་ན་བཞུགས་སོ་ཞེས་བྱ་བ་དེ་ནི་ངོ་མཚར་ཆེའོ། སྐབས་འདིར་
གཞན་
དག་གིས་བརྒལ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བས་ཆོག་མོད།
འདི་སྐད་བདག་གིས་ཐོས་པ་དགོས་ཆེད་མེད་ད་དེ[༢]ི། དེ་ནས་ཞེས་བྱ་བ་ད་ང་རྒྱུད་
ལྡ
ན་པའམ། ལྷན་ཅིག་ཅེས་བྱས་ན་ཚིག་འབྲེལ་ཅིང་བདེ་སྟེ། དེ་ཡང་ཅིའི་
ཕྱིར་ཞེ་ན།
བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་བརྗོད་ན་ནི་འདི་
23-----237


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*