པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། རང་གི་གནས་སུ་རྣམ་པར་བསམ།
ཞེས་པ་ནི་དེ་བཞིན་གཤེགས་པ་སོ་སོའི་ཕྱོགས་སུ་བསྒོམ་པའམ་བྲི་ཞེས་པའི་དོན་ཏེ་
དེ་ཡང་དབུ
ས་སུ་མི་བསྐྱོད་པའོ། ཤར་དུ་རྣམ་པར་སྣང་མཛད་ད་དོ། ལྷོར་
རིན་ཆེན་
དཔལ་ལོ། ནུབ་ཏུ་ཚེ་དཔག་མེད་དོ། བྱང་དུ་དོན་ཐམས་ཅད་
གྲུབ་པའོ།
རྡོ་རྗེ་ལྷ་མོ་བཞི་རྣམས་ཞེས་པ་ནི་སངས་རྒྱས་སྤྱན་ལ་སོགས་པ་བཞིའོ།
འཁོར་ལོའི་[༡]གྲྭར་ནི་རྣམ་པར་བསྒོམ། ཞེས་པ་ནི་མེའི་ཕྱོགས་ནས་དབང་ལྡན་
གྱི་
ཕྱོགས་སུ་སངས་རྒྱས་སྤྱན་ལ་སོགས་པ་བཞི་རིམ་པ་བཞིན་དུ་དགོད་པའོ། 
གཤིན་རྗེ་གཤེད་ལ་སོགས་ཞེས་པ་ནི་གཤིན་རྗེ་གཤེད་དང་གཞན་གྱིས་མི་ཐུབ་པ་
དང་།
རྟ་མགྲིན་དང་བདུད་རྩི་འཁྱིལ་པའོ། སྒོར་དམིགས་པ་ནི་ཤར་སྒོ་ནས་
བྱང་
སྒོར་རིམ་པ་བཞིན་དུ་དམིགས་པའོ། སའི་སྙིང་པོ་ལ་སོགས་པ་[༢]བསྒོམ།
ཞེས་པ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སེམས་མ་བརྒྱད་
དཀྱིལ་འཁོར་གྱི་ཕྱིའི་རིམ་པ་ལ་འོག་ནས་འབྱུང་བའི་ཚུལ་དུ་བསྒོམ་[༢]པའི་དོན་ཏོ།
ཉི་མའི་དཀྱིལ་འཁོར་དབུས་གནས་པ། ཞེས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་
ཉི་མའི་དཀྱིལ་འཁོར་
བསྐྱེད་ལ་དེའི་སྟེང་དུ་སེམས་ཀྱི་རྡོ་རྗེ་རྡོ་རྗེ་སེམས་ེམས་དཔའ་དེ་
བཞིན་གཤེགས་པ་
ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་དུ་གྱུར་པ་བསྒོམ་་་་་
པར་བྱ་བ
འི་དོན་ཏོ། ཞལ་གསུམ་ཕྱག་དྲུག་ལྟ་བུ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་
རང་བཞིན་
ཞལ་གསུམ་དང་། འགྲོ་བ་དྲུག་གི་དོན་བྱེད་པའི་ཕྱག་དྲུག་དང་ལྡན་
པའོ༑
ཕྱག་མཚན་ལ་སོགས་པ་ནི་འོག་ནས་སྟོན་ཏོ། སངས་རྒྱས་དཀྱིལ་
འཁོར་
དབུས་གནས་པ་[༢]ནི་དེ་ལྟར་ཏིང་ངེ་འཛིན་གྱིས་བསྒོམ་པའམ། གཟུགས་
བརྙན་དུ་
བྲིས་པའི་ད་ཀྱིལ་འཁོར་སངས་རྒྱས་ཀྱི་རང་བཞིན་ནམ་བཞུགས་གནས་་
ཡིན་པས་
སངས་རྒྱས་ད་ཀྱིལ་འཁོར་ར་རོ། དབུས་སུ་གནས་པ་ནི་རྣལ་འབྱོར་པ་
23---304


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*