ལུས་ངག་ཡིད་གསུམ་གྱི་བག་ཆགས་ཡི་གེ་འབྲུ་གསུམ་དུ་དམིགས་པར་བྱའོ། 
སངས་རྒྱས་དཀྱིལ་འཁོར་དབུས་ཉིད་དུ། ཞེས་པ་ནི་སྟོང་པའི་དབུས་སུ་ཡི་གེ་
གསུམ་
པོ་དཀར་པོ་དམར་པོ་མཐིང་ནག་ཏུ་ཁ་དོག་གསུམ་དུ་བསྐྱེད་པའི་དོན་ཏོ།
ཉི་ཟླ་པདྨ་ར་ཡང་དག་གནས། ཞེས་པས་དེ་རྣམས་ཀྱི་[༡]གདན་བསྟན་ཏེ། དེ་
ཡང་ཉི་མའི་དཀྱིལ་འཁོར་
གྱི་སྟེང་དུ་ཧཱུཾ་ངོ་། ཟླ་བ་ལ་ཨོཾ་མོ། པདྨ་ལ་ཨཱཿའོ།
ཨོཾ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་ན་ནོ། 
ཨཱཿནི་གསུང་གི་རང་བཞིན་ནོ། ཧཱུཾ་ནི་ཐུགས་ཀྱི་རང་བཞིན་དུ་ཤེས་པར་བྱའོ།
ད་ང་བ་ཟླ་བ་འདྲ་བ་ནི་ཡི་གེ་གསུམ་ཉོན་མོངས་པའི་དྲི་མ་མེད་པས་སོ་སོའི་ཁ་དོག་
གསལ་བ་ད་ང་ཟླ་བ་བཞིན་ཞེས་བྱ་བའི་དོན་ཏོ། ཡི་གེ་གསུམ་ནི་གོང་དུ་བསྟན་
པའོ༑
ཞུ་བར་བརྟག་ཅེས་པ་ནི་ལྷའི་བུ་ཟླ་བ་བདུད་རྩི་འདོད་པའི་དུས་སུ་ཟླ་
བའི་
དཀྱིལ་འཁོར་ལས་བདུད་རྩི་ཞུ་ཞིང་ཐིགས་པར་འབབ་པ་བཞིན་དུ་ཡི་གེ་གོང་
མ་
འོད་ཀྱི་ཚུལ་དུ་ཞུ་ཞིང་བར་མ་ལ་ཐིམ། དེ་བཞིན་དུ་བར་མ་ཡང་འོག་མ་ལ་
ཐིམ༑
འོག་མ་ཡང་ཞུ་ཞིང་འོད་ཀྱི་ཚུལ་དུ་གྱུར་པར་བསམ་མོ། རྒྱུ་དྲུག་
གནས་
པའི་སེམས་ཅན་ནི་ལྷ་དང་མི་ད་ང་ལྷ་མ་ཡིན་ད་ང་ངན་སོང་གསུམ་དུ་སྐྱེས་[༢]
པ་རྣམས་ས་སོ།
སངས་རྒྱས་ཀུན་ནི་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱི་སྐུ་གསུང་
ཐུགས་སོ།
བསྡུ་བའི་སྦྱོར་བས་ཀུན་བསྡུས་ཞེས་པ་ནི་དེ་ལ་གོང་དུ་བསྟན་པའི་
ཡི་གེ་གསུམ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོས་ཤིང་སངུས་རྒྱས་ཀུན་གྱི་སྐུ་གསུང་་་་་
ཐུགས་ཀྱི་
རང་བཞིན་དང་གཉིས་སུ་མེད་པར་གྱུར་པ་དང་། རྒྱུ་དྲུག་གི་སེམས་
་ཅན་
ལ་ཕོག་པས་སྡུག་བསྔལ་ཞི་བར་བྱས་ནས་ལུས་ངག་ཡིད་གསུམ་དང་གཉིས་སུ་
མེད་པར་གྱུར་པ་ནི་
བསྡུ་བའི་སྦྱོར་བའོ། ཀུན་བསྡུས་ནི་སངས་རྒྱས་ཀྱི་སྐུ་གསུང་
ཐུགས་དང་
སེམས་ཅན་གྱི་ལུས་ངག་ཡིད་གསུམ་གཅིག་ཏུ་གྱུར་ནས་སླར་འདུ་བར་
2а-----306


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*