བསམ་གཏན་དེ་ཁོ་ན་ལོ་ངས་སྤྱོད་ཡིན་ནོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
གཞན་རྣམས་
ཀྱི་ལོངས་སྤྱོད་རྗེས་སུ་ད་པག་གོ། འོད་ཟེར་འབར་བའི་ཡི་གེ་བྷིཾ་
ཞེས་པ་ནི། མངོན་པར་ཤེས་པའི་ས་བོན་དུ་གསུངས་ཏེ། ལྷ་གང་ཡང་རུང་
བའི་
སྦྱོར་བ་ཅན་གྱིས་རང་ད་ང་འདྲ་བའི་སྐུའི་རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་ལ་
བསམ་ཞེས་ཏེ།
 ངག་ལ་ཞེས་བྱ་བ་ནི་དེ་ཁོ་ན་རང་གི་གནས་ལྔ་ལ་གཞག་[༡]པར་
བྱས་པ་
སྟེ་ཆོ་ག་ནི་འོག་ནས་བཤད་དོ། སངས་རྒྱས་མངོན་ཤེས་ད་མ་ཚིག་མཆོག།
ཅེས་པ་ནི་དེའི་བསམ་གཏན་དེ་ཁོ་ན་དམ་ཚིག་སྟེ་དེས་སངས་རྒྱས་ཀྱི་མངོན་པར་་
ཤེས་པ་དང་
མཚུངས་པར་འགྱུར་ཞེས་བསྔགས་པའོ། ཡང་རིག་[༢]འཛིན་གྱི་ཁྱད་
པར་གསུངས་པ།
ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ། རྡོ་རྗེ་སེམས་
དཔའ་ནི་རྡོ་རྗེ་
འཆང་ཆེན་པོའམ་མི་བསྐྱོད་པའོ། རྡོ་རྗེ་དམ་ཚིག་གསུམ་
བསྒོམས་[༢]པས།
ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཨོཾ་སྐུ་གསུང་ཐུགས་རྡོ་རྗེ་
མཚན་མ་ལ་རང་གི་ཡི་གེ་གསལ་ནས་དགོད་པར་བྱའོ། དེ་བཞིན་དུ་འོག་མ་་་
ཀུན་ལ་ཡང་སྦྱར་ར་རོ།
ལུས་དང་ངག་སེམས་རྡོ་རྗེ་ཡིས། ཞེས་པ་ནི་གོང་མའི་
བསམ་གཏན་དེས་ཞེས་པའི་དོན་ཏོ། ཡེ་ཤེས་གསང་བར་ཞེས་པ་ནི་སྟོང་པ་ཉིད་
ལ་སོགས་པ་བཞིའོ།
 འདིར་བརྟག་[༤]པ་ཐ་མར་བྱུང་བ་ནི་དེའི་གཞི་ཡིན་པའི་་་་
ཕྱིར་རོ།
འདིར་ཡང་ལྷ་ཐམས་ཅད་ལ་ཨོཾ་སྦྱར་རོ། ད་ནི་དངོས་གྲུབ་ཀྱི་ཞིང་
ཉིད་
གསུངས་པ་ཤིན་ཏུ་དབེན་པའི་ཞེས་པ་ལ་སོགས་པ་སྟེ་ཤིན་ཏུ་དབེན་པའི་རི་་
ཕུག་ནི་
མི་སྣང་བའི་གནས་ཡིན་ནོ། རྣམ་པ་སྣ་ཚོགས་ཞེས་པ་ནི་མེ་ཏོག་ལ་་་་
སོགས་པ་
ཅན་ནི་རིག་[༥]འཛིན་གྱི་ཡིན་ནོ། རླུང་ད་ང་འབབ་ཆུ་ནི་རྒྱ་མཚོ་རྐང་་
པས་
བཅགས་[༦]པ་ཡིན་ན་ནོ། དུར་ཁྲོད་ནི་མངོན་སྤྱོད་ཀྱི་ཡིན་ནོ། སོགས་ཞེས་
པ་ནི་
དགུག་པ་ལ་ནི་ལམ་གྱི་གཞི་[༧]མདོ་ལ་སོགས་པའོ། མངོན་ཤེས་ལ་ནི་དྲ་ང་
23 --43


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*