བཞིན༑ དག་པ་བཞིན་དུ་ད་ག་པར་འདོད་། ཅེས་[༡]བསྟན་ཏོ་ཞེས་ཟེར་ན།
དེ་ལྟ་ཡིན་ན་ཐོས་པ་དང་བསམས་[༢]པའི་ཤེས་པས་ངེས་པའི་དངོས་པོའི་རང་
བཞིན་དུ་བསྒོམ་[༢]པ་དེ་བས་ན་ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ཉིད་མངོན་
སུམ་དུ་བྱའོ་ཞེས་དེར་མངོན་པར་ཞེན་པས་འཇུག་པའི་ཕྱིར་བསྒོམ་པའི་ཁྱད་པར་
གྱིས་ཀྱང་དེར་མངོན་པར་ཞེན་པའི་བག་ཆགས་ཀྱི་ས་བོན་མི་སྤོང་གི།
ཤིན་ཏུ་
མཉམ་པར་གཞག་པའི་བདག་ཉིད་ཀྱི་རིམ་གྱིས་རྣམ་པར་རྟོག་པ་ཐམས་
ཅད་སྤོང་
ངོ་ཞེས་ཟེར་ན།
དེ་ལྟ་ཡིན་ན་ཕྱིའི་དོན་འདོད་པའི་གཞུང་གིས་ཀྱང་ཉན་ཐོས་ལ་
སོགས་པའི་རྣམ་པར་རྟོག་པ་སྤོང་བར་འགྱུར་ར་རོ།
འོན་ཏེ་ཁས་མི་ལེན་ན་དེའི་་
ཕྱིར་རྣམ་པར་རྟོག་པའི་བག་ཆགས་མི་སྤོང་བས་ཕྱོགས་གཅིག་དག་པར་ཐལ་བར་
འགྱུར་རོ།
ཁྱོད་ཀྱི་ལུགས་ཇི་ལྟ་བུ་ཡིན[༤]་ཞེ་ན། སྐྱོན་མེད་དེ་གང་གི་ཕྱིར་་་་་
ད་ངོས་པོའི་ངོ་བོ་གང་ཅུང་ཟད་ཇི་སྙེད་པ་ཀུན་བརྟགས་པ་ཡིན་ཏེ།
འདི་དག་
ཐམས་ཅད་ལ་རིགས་པས་དངོས་པོར་མ་གྲུབ་པས་དངོས་པོ་མེད་ཅེས་བྱའོ།
བྱ་
བ་བྱེད་པའི་གང་དག་དོན་ཇི་ལྟར་སྣང་བ་དེ་དག་ནི་ཀུན་རྫོབ་ཡིན་པར་བསྟན་ཏེ།

ཐོས་པ་ལ་སོགས་པ་ཤེས་པ་སྐྱེས་པས་དེ་ཁོ་ན་ཉིད་ལ་སྒྲིབ་པའི་རང་བཞིན་ཅན་
རིམ་གྱིས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་ཏེ།

སྒྱུ་མ་ལྟ་བུར་ཤེས་པ་ཉིད་ཡང་དག་པར་བྱས་པ་ཉིད་ཡིན་ན་ནོ། རང་བཞིན་གཙོ་
བོར་གྱུར་པ་ནི་རིགས་ཡིན་ལ།
འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ།
གཉིས་པོ་ཡང་གཉིས་སུ་མ་གྲུབ་པ་ལ་གཞི་དང་དམིགས་པའི་བྱེ་བྲག་རྟོགས་པར་་་
བྱའོ༑
དམིགས་པ་འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི། ཧ་ཅང་
ཐལ་ཆེས་པས་གཞག་ག་གོ།
འབྲས་བུ་ཅི་ལ་བཏགས་[༢]ནས་བྱང་ཆུབ་སེམས་
ད་པའི་དམིགས་པ
ར་བྱེད་ཅེ་ན། དེའི་རྗེས་ལ་ཆེད་དུ་བྱ་བ་བསྟན་པའི་ཕྱིཕྱིར།
བུ2---38


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*