ཡིན་ནོ། འགྲོ་བ་ཀུན་སྤྲུལ་པ་དང་འདྲ་བ་ཡིན་ན་ཇི་ལྟར་བཅིངས་པ་དང་གྲོལ་
བར་འགྱུར་ཞེས་ཟེར་ན། དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་མེད་པར་བསྟན་པའི་
ཕྱིཕྱིར༑
གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནས་[༡]
རྣམ་པར་ཤེས་པའི་བར་དུ་མ་རིག་པས་བཅིངས་པ་མེད་ཅི་ང་།
རིག་པའི་མཐུས་
གྲོལ་བ་ཡང་ཡོད་[༢]མིན་ཏེ་ཞེས་རྗེས་སུ་སྦྱར་ར་རོ།
གང་གི་ཕྱིར་གཟུགས་ལ་སོགས་
པ་
ཡང་དག་པ་མ་ཡིན་ཏེ་མེད་པ་མ་ཡིན་ནོ། རྒྱུ་གང་གིས་ཤེ་ན། ཡོད་པ་
ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་ར་རོ།
ཇི་ལྟ་བུ་ཀུན་རྫོབ་ཡིན་ཞེ་
ན༑
དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རིགས་པས་ཆོས་
ཐམས་ཅད་སྟོང་པ་ཉིད་
ཡིན་[༢]ིཡང་འདི་ལྟར་སྣང་བ་ནི་དགག་པར་མི་ནུས་ཏེ།
ཐམས་ཅད་ཐ་སྙད་ཡིན་པར་རྟོགས་ནས་སེམས་ཞུམ་པ་མེད་ད་དོ། འོན་ཀྱང་
བཅིངས་པ་དང་གྲོལ་བ་དོར་བར་བྱ་བ་དང་།
བླང་བར་བྱ་བའི་སེམས་ཀྱིས་རང་
བཞིན་ཆོས་ཉིད་ལ་རྟོགས་[༤]ནས་ཞུགས་ཏེ།
དེ་ཉིད་བསྒོམས་[༥]པའི་སྟོབས་ཀྱིས་
ཇི་ལྟ་བ་བཞིན་གྱི་ཆོས་རྟོགས་ནས་བྱང་ཆུབ་འཐོབ་ཏེ། རིགས་པའི་སྟོབས་ཀྱིས་
ཐར་པ་རྣམ་པར་བཞག་ལ།
གཞན་གྱིས་ཇི་སྐད་བསྟན་པའི་རིམ་པ་ལས་བཟློག་
པ་མ་རིག་པའི་ནུས་པས་བཅིངས་པ་ཡིན་པའི་ཕྱིར་དེ་བས་ན་དེ་དག་གི་རྗེས་ལ་གོ་
ཆ་བསྟན་ཏོ།
བརྩེ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་ནི་གང་ཟག་དམ་པ་རྣམས་
ཏེ༑
ཉན་ཐོས་ལ་སོགས་པ་ལ་ལྟོས་[༦]ནས་རྒྱལ་བའི་སྲས་ཏེ། བདེན་པ་གཉིས་
ལ་བརྟེན་པའི་ཐུན་མོང་[༧]མ་ཡིན་པའི་ལམ་ཡིན་ན་ནོ།
ཇི་སྐད་བསྟན་པ་ཉིད་ཐེག་
པ་ཆེན་པོ་ཡིན་པར་ཅིའི་ཕྱིར་ཞེས་དྲི་བ་སྔོན་དུ་
འགྲོ་བས་ཐེག་པ་ཆེན་པོའི་ངོ་བོ་་
རྫོགས་པར་བྱ་བའི་ཕྱིཕྱིར།
ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་
དུ་བྱང་ཆུབ་སེམས་དཔའ་གང་གིས་འབྲས་བུ་དང་བཅས་པའི་ལམ་བརྩེ་བ་དང་།

བུ2---42


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*