བྱེད་པས་ན་གསལ་བྱེད་སྒྲོན་མ་འོ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཏམ་གྱི་
གཞི་དང་སྒོ་ཡིན་པའི་ཕྱིར་ཆོས་མཆོག་སྨྲ་བའོ།
དེ་ཉིད་ཀྱི་ཕྱིར་བདུད་དང་མུ་
སྟེགས་ལ་སོགས་པས་འཁྲུགས་[༡]པར་མི་ནུས་པས་ན་མི་འཁྲུགས་པའོ།
བདག་
དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་
པ་ནི་བྱ་བ་ཡིན་པས་གང་གིས་དེ་ལྟ་
བུའི་རང་བཞིན་ཡོངས་སུ་ཤེས་པས་ཅི་འདྲ་བའི་བདག་ཉིད་སྒྲུབ་པར་བྱེད་པའི་
རང་བཞིན་བསྟན་པ་སྔོན་དུ་འགྲོ་བ་[༢]རང་གི་མཚན་ཉིད་བསྟན་པའི་ཕྱིར།

གྲགས་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཆེ་བ་ཐོབ་པའི་ཕྱིར་
གྲགས་ཆེན་ལྡན་པ་ནི་
བྱང་ཆུབ་སེམས་ད་པའོ། སྡུག་བསྔལ་དང་དུ་ལེན་པའི་
ཕྱིར་བྱ་ད་གའ་[༢]བ་ལ་རབ་ཏུ་སྦྱོར་བའི་རང་བཞིན་ཅན་ན་ནོ།
འབད་པས་
བསྒྲུབས་[༢]པའི་ཕྱིར་གོ་ཆའོ།
གང་བསྒོམ་པར་བརྩོན་པ་ནི་གོ་ཆ་གྱོན་བྱེད་ད་དོ།
མི་མཐུན་པའི་ཕྱོགས་དམིགས་པ་མེད་པས་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་
གཉིས་ད་ང་།
ཁམས་བཅོ་བརྒྱད་རྣམས་ཀྱི་གོ་ཆ་ཡིན་[༥]ཏེ། གཉེན་པོར་མངོན་
པར་ཞེན་པ་དང་བྲལ་བས་ཉན་ཐོས་ལ་སོགས་པ་ཐེག་པ་[༦]གསུམ་འདུ་ཤེས་བྲལ་ཁོ།

ཡང་དེ་ལྟ་བས་ན་དོར་བར་བྱ་བ་དང་བླང་བར་བྱ་བའི་ཆོས་ཡོངས་སུ་འཛིན་པ་་་་
ད་ང་བྲལ་བའི་ཕྱིར་ཡོངས་སུ་གཟུང་བ་མེད་ད་དོ།
རང་གི་དོན་ཕུན་སུམ་ཚོགས་པ་
ས་ལྡོག་པ་མེད་པའི་ཕྱིར་མི་ལྡོག་པའོ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་
མི་གཡོ་བའི་ཕྱིར་གཡོ་བ་མེད་ཅིང་ང་ངོ་།
གཉི་གའི་དོན་ཕུན་སུམ་ཚོགས་པ་ཇི་ལྟ་
བ་[༧]བྱེད་པ་དང་མི་འབྲལ་བའི་ཕྱིར་མི་འཁྲུགས་ཆོས་ཅན་ན་ནོ།
རང་བཞིན་ཇི་ལྟ་
བུ་ལ་སྦྱོར་ཞེ་ན།
དེ་ད་ག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་འདི་་་་
འདྲ་ནི་སྟོན་པར་འགྱུར་བའོ།
སྦྱོར་བ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་པ་
ལ་སོགས་པ་སྤངས་པའི་རང་གི་མཚན་ཉིད་ནི་ཆོས་ཉིད་ལྡན་ན་ནོ།
རྣམ་པར་མི་་
ཅ་2---106


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*