པའི་འཆིང་བ་དང་ལྡན་པའི་སེམས་ཅན་གྱི་ཁམས་ངེས་པར་ལེགས་པ་ལ་འགོད་
པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ།
དེ་ལ་ཏིང་ངེ་འཛིན་ལ་ལེ་ལོ་དང་།
དམིགས་པ་ལ་[༡]བརྗེད་པ་དང་། བྱིང་བ་ད་ང་། རྒོད་པ་དང་། མི་རྩོལ་བ་་
དང་།
རྩོལ་ཆེས་པ་དང་། སྐྱོན་དྲུག་པོ་དེ་དག་གནས་སྐབས་ཇི་ལྟ་བས་སྐྱེས་པ་ན་
དེའི་གཉེན་པོ་འདུ་བྱེད་བརྒྱད་ཇི་ལྟ་བ་བཞིན་དུ་བསྟེན་[༢]པར་བྱ་སྟེ།
འདི་ལྟར་
ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་[༢]
དད་པས་་་་་
རྣལ་འབྱོར་པ[༤]་ལ་འདུན་པ་ཡང་དག་པར་སྐྱེའོ།
འདུན་པ་དེའི་སྟོབས་ཀྱིས་
བརྩོན་འགྲུས་རྩོམ་[༢]མ་མོ།
དེ་ནས་བརྩོན་འགྲུས༐ཀྱི་སྟོབས་[༦]ཀྱིས་ལུས་ད་ང་སེམས་
ཤིན་ཏུ༐
སྦྱང་བར་[༧]འགྱུར་རོ། ལུས་ད་ང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་
པར་འགྱུར་རོ།
དེ་ལྟར་ན་དད་པ་ལ་སོགས་པ་བཞིས་ལེ་ལོ་སྤོང་བར་འགྱུར་ར་རོ།
དམིགས་པ་བརྗེད་པའི་གཉེན་པོར་ནི་དྲན་པ་ཉིད་ད་དེ། དེས་ཡང་ད་ག་པའི་
དམིགས་པ་ལ་གནས་སོ།
ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་སྟེ། དེ་ཉིད་
ཀྱིས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་
བྱིང་བ་སྤོང་ངོ་།
ཡང་ད་ག་པར་སྐྱོ་བའི་ད་ངོས་པོ་མི་རྟག་པ་ལ་སོགས་པ་[༩]
ཡིད་ལ་བྱེད་པ་ལ་སོགས་པས་རྒོད་པ་སྤོང་བར་འགྱུར་ར་རོ།
བྱིང་རྒོད་ཞི་བར་བྱེད་
པའི་དུས་སུ་མི་རྩོལ་ན་ཡང་སྐྱོན་ཡིན་པས་སེམས་པ་ལ་[༡༠]གོམས་པར་བྱའོ།
བྱིང་
རྒོད་ཞི་བ་ན་གང་གི་ཚེ་སེམས་དམིགས་པ་ལས་རབ་ཏུ་མི་གཡོ་བ་ན་མངོན་པར་
འདུ་བྱེད་པ་ལ་ཞུགས་པར་གྱུར་ན་དེའི་ཚེ་རྩོལ་བ་སྐྱོན་ཡིན་ནོ།
དེ་ལ་སེམས་ནམ་
པར་གཡེང་བ་དེའི་གཉེན་པོ་བཏང་སྙོམས་བསྒོམ་པར་བྱའོ། རིམ་པ་དེ་ལྟར་་
བསྒོམས་ནས་ལངས་ཏེ་སྔར་སྡུད་པར་བྱེད་པར་རང་གི་ལྷ་རྡོ་རྗེ་འཆང་གི་གཟུགས་
སུ་མོས་པར་བྱས་ནས་བྱང་ཆུབ་སེམས་དཔའ་ལ་
གོགས་པ་སྤྱན་དྲངས་ནས། ཤེས་
62----189 


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*