གྱུར་པ་དག་ཐ་མི་ད་ད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ནི་ཀུན་འབྱུང་བ་དང་
འགོག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་
ཞེས་བྱ་བ་དང་།
འགོག་པ་ལ་སྟོང་པ་ཉིད་སྐྱེ་བ་དང་། འགག་པ་དང་།
ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ད་ང་། ཉམས་པ་ད་ང་འཕེལ་
བ་ལ་སོགས་པ་དང་བྲལ་བ་ལ་ནི་གཟུགས་མེད་པ་ནས་མ་རིག་པ་སྐྱེ་བ་ཡང་མེད།

མ་རིག་པ་འགག་པ་ཡང་མེད་། སངས་རྒྱས་ཀྱང་མེད། བྱང་ཆུབ་ཀྱི་བར་དུ་
ཡང་མེད་དོ་ཞེས་བྱ་བ་དང་།
ལམ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་
དང་།
བདག་ཉིད་དམ་ནང་སྟོང་པ་ཉིད་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་ལ་
སོགས་[༡]སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ཕན་ཚུན་ལྡན་པ་ད་ང་མི་ལྡན་པ་མ་
ཡིན་པ་ཉིད་དུ་སྒྲུབ་བོ་ཞེས་སྟོན་པ་བདེན་པ་ལ་འདོམས་པ་དང་།
སངས་རྒྱས་
ལ་སོགས་[༢]སངས་རྒྱས་དང་བྱང་ཆུབ་དག་མཚན་ཉིད་[༢]ི
ཀྱིས་སངས་རྒྱས་སུ་བྱེད་
པའི་ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་ལ་
གཟུགས་ལ་སོགས་པ་མི་
སྤྱོར་བས་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་[༤]
ཉིད་དུ་ཤེས་པ་ཞེས་བྱ་བ་དང་།
ཆོས་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་
བསྡུས་པའི་གཞི་དང་།
གཉེན་པོ་དང་། རྣམ་པ་མཐའ་དག་བསྡུས་པ་དག་གིས་
བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་དང་།
དགེ་འདུན་ལ་
སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱི་[༥]དགྲ་བཅོམ་པ་མ་
གཏོགས་པ་འབྲས་བུ་ལ་གནས་པ་ད་ང་ཞུགས་པའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་
བདུན་པོ་རང་སངས་
རྒྱས་ད་ང་ལྷན་ཅིག་བརྒྱད་པོ་ད་བང་པོ་རྟུལ་[༦]པོ་ལ་སོགས་
པའི་བྱེ་བྲག་གིས་གྲངས་ཉི་ཤུར་ཆད་པ་བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་
ཕྱིར་མི་ལྡོག་པ་རྣམས་ལ་སྐྱེ་བ་མེད་
པ་ཉིད་དུ་འཇུག་པར་བྱའོ་ཞེས་ལུང་འབོགས[༧]
་ཅ
2---219 


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*