པ་ཉིད་དང་། བླ་ན་མེད་པ་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས།
གོ་རིམས་བཞིན་དུ་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་གོ་ཆ་ཉིད་ཀྱིས་
བྱེད་པ་དང་།
དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད། བབྲོད་པ་རྫོགས་པར་
བྱེད༑
བརྩོན་འགྲུས་རྩོམ། བསམ་གཏན་སྒྲུབ། ཤེས་རབ་སྒོམ་པར་བྱེད་དོ།
དེ་ལྟར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སོ་སོར་སྦྱིན་པ་ལ་སོགས་པ་བསྡུས་
པས་[༡]ན་དྲུག་ཚན་དྲུག་གིས།
རྣམ་པ་སུམ་ཅུ་རྩ་དྲུག་ཡིན་མོད་ཀྱི་སྦྱིན་པ་ལ་་་་་་་
སོགས་པ་དྲུག་ཆོས་མཐུན་པའི་ཕྱིར་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་གོ།

བམ་པོ་གཉིས་པ། དེ་ལྟར་གོ་བགོས་པ་ལ་འཇུག་པ་འབྱུང་བས་གཉིས་པ་
འཇུག་པའི་སྒྲུབ་པ།
བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། ལམ་
དང་བྱམས་ལ་སོགས་པ་དང་།
དམིགས་པ་མེད་དང་ལྡན་པ་དང་། འཁོར་
གསུམ་རྣམ་པར་དག་པ་ད་ང་།
ཆེད་དུ་བྱ་དང་མངོན་ཤེས་དྲུག རྣམ་ཀུན་
མཁྱེན་པའི་ཚུལ་ལ་ནི།
འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། འཛེག་པ་ཡིན་
པར་ཤེས་པར་བྱ།
ཞེས་བྱ་བ་གསུངས་ཏེ། བསམ་གཏན་ད་ང་གཟུགས་མེད་
པའི་སྙོམ་[༢]པར་འཇུག་པ་དང་།
སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་
དང་།
མཐོང་བ་ད་ང་། བསྒོམ་པ་དང་། མི་སློབ་པ་དང་ཁྱད་པར་གྱི་ལམ་
དང་།
ཚད་མེད་པ་བཞི་དང་། མི་[༢]ི་དམིགས་པ་[༤]དང་ལྡན་པ་ད་ང་།
ད་ངོས་པོ་ཐམས་ཅད་ལ་འཁོར་གསུམ་དག་པ་ད་ང་། ཆེད་དུ་བྱ་བ་ད་ང་།
མངོན་པར་ཤེས་པ་དྲུག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ལ་ཡང་
དག་པར་གནས་པའི་མཚན་
ཉིད་ནི། ཐེག་པ་ཆེན་པོའི་ཆོས་མཐའ་དག་གནོན་
པའི་ངོ་བོ་ཉིད་ཡིན་པས་འཇུག་པའི་སྒྲུབ་[༢]པ་རྣམ་པ་
དགུའོ།
52---23ཏྲ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*