མཐོང་བའི་ལམ་གྱི་མཇུག་ཐོགས་སུ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་
པ་ལས།
བརྗོད་པར་བྱ་བ་ཉུང་བ་ཉིད་དང་གདུལ་བྱ་འབྲས་བུ་ལ་གཞོལ་བ་ཉིད་
དུ་ཞུགས་[༡]པའི་ཕྱིར་རེ་ཞིག་དེའི་བྱེད་པ།
ཀུན་ནས་ཞི་དང་ཐམས་ཅད་ལ།
འདུད་དང་ཉོན་མོངས་ལས་རྒྱལ་ད་ང་། གནོད་པས་བརྫི་བ་མེད་ཉིད་ད་དང་།
བྱང་ཆུབ་དང་ནི་རྟེན་མཆོད་ཉིད། ཅེས་བྱ་བ་གསུངས་ཏེ། རྣམ་པ་ཐམས་་
ཅད་དུ་སེམས་ལ་རང་དབང་ཉིད་དུ་བྱེད་པ་དང་།
དགེ་བའི་བཤེས་གཉེན་ལ་
སོགས་པ་སྐྱེ་བོ་ཐམས་ཅད་ལ་འདུད་པ་དང་།
འདོད་ཆགས་ལ་སོགས་པ་ཟིལ་གྱིས་
གནོན་པ་དང་།
ཕ་རོལ་གྱིས་བྱས་པའི་གནོད་པ་རྗེས་སུ་སྒྲུབ་པའི་ཡུལ་མ་ཡིན་་
པ་ཉིད་ད་དང་།
ཡང་ད་ག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པ་དང་། རྟེན་གྱི་་་་་་
ཡུལ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་ཞེས་བྱ་བ་བྱེད་པ་རྣམ་པ་དྲུག་ཡིན་ན་ནོ།

བྱེད་པའི་འོག་ཏུ་བསྒོམ་པའི་ལམ་སྟེ།
དེ་ཡང་ཟག་པ་དང་བཅས་པ་དང་
ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ[༢]གཉིས་ས་སོ།
དེའི་ཕྱིར་བསྒོམ་པའི་ལམ་
ཟག་པ་ད་ང་བཅས་པ་མོས་པ་དང་། བསྔོ་བ་ད་ང་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་
པ་ཞེས་བྱ་བ་རྣམས་ཀྱི་ནང་ནས་བསྒོམ་པའི་ལམ་དང་པོ་མོས་པ་ཡིད་ལ་བྱེད་པ་་་་་
ཞེས་བྱ་བ།
མོས་པ་རང་གི་དོན་དང་ནི། རང་གཞན་དོན་དང་གཞན་དོན་
ད་ང་།
རྣམ་གསུམ་ཤེས་བྱ་དེ་ཡང་ནི། ཆུང་དང་འབྲིང་ད་ང་ཆེན་པོ་སྟེ།
སོ་སོར་རྣམ་པ་གསུམ་དུ་འདོད་། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། དེ་་་་་་
ཡང་རྣམ་གསུམ་དེ་ལྟར་ན།
རྣམ་པ་ཉི་ཤུ་བདུན་དུ་འདོད། ཅེས་བྱ་བ་
གསུངས་ཏེ།
རང་དང་གཉིས་ཀ་དང་གཞན་གྱི་དོན་ལ་དམིགས་པ་ཉིད་ཇི་ལྟར་
མོས་པ་བཞིན་མཐོང་བའི་དགེ་བའི་ཆོས་ཀྱི་རྟེན་ཡིན་ན་
ཡང་བསྒོམ་པའི་ལམ་གྱི་
62---254


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*