ཐབས་བཅས་མཚན་མ་མེད་པ་དང་། སངས་རྒྱས་རྗེས་སུ་ཡི་རང་དང་།
ཁམས་གསུམ་གཏོགས་པ་མ་ཡིན་དང་། ཆུང་དང་འབྲིང་དང་ཆེན་པོ་ཡི།
བསྔོ་བ་གཞན་ནི་རྣམ་གསུམ་པོ། བསོད་ནམས་ཆེ་འབྱུང་བདག་ཉིད་ད་དོ།
ཞེས་བྱ་བ་གསུངས་ཏེ། ཇི་སྐད་བཤད་པའི་མོས་པ་ཁྱད་པར་ཅན་[༡]དང་། མི་
དམིགས་པ་དང་།
ཕྱིན་ཅི་མ་ལོག་པ་ད་ང་། དབེན་པ་དང་། དེ་བཞིན་
གཤེགས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་རང་བཞིན་དྲན་པ་ད་ང་།
ཐབས་ལ་
མཁས་པ་དང་བཅས་པ་དང་།
མཚན་མ་མེད་པ་དང་། སངས་རྒྱས་ཀྱིས་
གནང་བ་དང་།
ཁམས་གསུམ་པར་མ་གཏོགས་པ་ད་ང་། ཆུང་ངུ་དང་།
འབྲིང་དང་། ཆེན་པོ་སྟེ། བསོད་ནམས་ཆེན་པོ་འབྱུང་བ་ཞེས་བྱ་བ་དེ་ལྟར་
མིང་དུ་བཏགས་པའི་ཡིད་ལ་བྱེད་པ་གོ་རིམས་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་
དང་།
ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་། སྔོ་[༢]བར་བྱེད་པའི་སེམས་
ད་ང་།
བདག་ལ་སོགས་པ་ད་ང་ལྡན་པའི་དངོས་པོ་དང་། དུས་གསུམ་གྱི་
སངས་རྒྱས་ཀྱི་དགེ་བ་ད་ང་།
་སྦྱིན་པ་ལ་སོགས་པ་དང་། མཚན་མ་ད་ང་།
ལམ་ཐམས་ཅད་དང་། འདོད་པ་ལ་སོགས་པའི་ཁམས་དང་། དགེ་བ་བཅུ་ལ་
སོགས་པའི་ལས་ཀྱི་ལམ་ད་ང་།
རྒྱུན་ཏུ་ཞུགས་པ་ལ་སོགས་པ་དང་། བླ་
ན་མེད་པའི་བྱང་ཆུབ་ལ་གནས་པ་རྣམས་མི་
དམིགས་པ་ལ་དམིགས་པ[༢]ི།
ཛེག་པ་གསུམ་གྱིས་གདུལ་བར་བྱ་བའི་སེམས་ཅན་ལ་ལམ་ཉེ་བར་སྟོན་པའི་རྒྱུའི་ངོ་
བོ་བྱེད་པ་དང་ལྡན་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་ཟད་པར་
བྱ་བའི་ཕྱིར།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམ་
པ་བཅུ་གཉིས་བྱེད་ད་དོ།
 
ཅ་2---2ཏྲ6


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*