ཡོངས་སུ་ཉམས་པར་རྣམ་པར་རྟོག་པ་ནམས་ཀྱི་སོ་སོར་ངེས་པའི་གཉེན་པོར་གྱུར་
པ་ད་ག་ཡིན་ནོ།
དེ་ལྟར་ན་ལམ་གྱི་བདེན་པ་ལ་རྣམ་པ་བཅོ་ལྔ་སྟེ། སྤྱིར་ན་
ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཡིན་ན་ནོ།

དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་རྣམ་པ། རྒྱུ་དང་ལམ་དང་སྡུག་བསྔལ་
ད་ང་།
འགོག་པ་ལ་ནི་གོ་རིམས་བཞིན། དེ་ད་ག་བརྒྱད་དང་བདུན་དང་ནི།
ལྔ་དང་བཅུ་དྲུག་ཅེས་བསྒྲགས་ས་སོ། ཞེས་བྱ་བ་གསུངས་ཏེ། ཀུན་ནས་ཉོན་
མོངས་པ་ད་ང་ཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས།
ཀུན་འབྱུང་བ་དང་། ལམ་
གྱི་བདེན་པ་དག་ནི་རྒྱུ་ཡིན་ལ།
སྡུག་བསྔལ་དང་འགོག་པའི་བདེན་པ་དག་ནི་་་་
འབྲས་བུ་ཡིན་པར་དོན་གྱི་སྒོ་ནས་བསྟན་ཏེ།
ཀུན་འབྱུང་བ་དང་། ལམ་དང་།
སྡུག་བསྔལ་དང་། འགོག་པའི་བདེན་པ་ལ་གྲངས་བཞིན་དུ་རྣམ་པ་བརྒྱད་དང་
ཞེས་བྱ་བ་ལ་
སོགས་པ་ཁོང་དུ་ཆུད་པར་བྱའོ། དེ་ལ་འདོད་ཆགས་དང་བྲལ་བ་
དང་།
མི་གནས་པ་དང་། ཞི་བ་དང་། འདོད་ཆགས་མེད་པ་དང་། ཞེ་
སྡང་མེད་པ་ད་ང་།
གཏི་མུག་མེད་པ་དང་། ཉོན་མོངས་པ་མེད་པ་ད་ང་།
སེམས་ཅན་མེད་པའི་རྣམ་པ་ད་ག་ནི་གོ་རིམས་བཞིན་དུ་རྒྱུ་གང་ཡིན་པ་སྟེ།
འདུན་པ་དང་། འདོད་ཆགས་ད་ང་། དགའ་བ་དང་། ཀུན་འབྱུང་བ་གང་
ཡིན་པ་སྟེ།
འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རབ་ཏུ་
སྐྱེ་བ་གང་ཡིན་པ་སྟེ།
ཀུན་དུ་རྟོག་པ་དང་། རྐྱེན་གང་ཡིན་པ་[༡]སྟེ་སེམས་
ཅན་དུ་མངོན་པར་ཞེན་པ།
དེ་རྣམས་ཀྱི་གཉེན་པོར་གྱུར་པ་གསུམ་དང་།
གསུམ་དང་། གཅིག་དང་གཅིག་སྟེ། དེ་ལྟར་ན་རྒྱུའི་བདེན་པའི་རྣམ་པ་
བརྒྱད་ཡིན་ན་ནོ།
ཚད་མེད་པ་དང་། མཐའ་གཉིས་དང་མ་འབྲེལ་བ་ད་ང་།
ཐ་མི་དད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། རྣམ་པར་མི་རྟོག་པ་
52---270


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*