མེད་པའི་ལམ་གྱི་རྣམ་པ་བདེན་པ་བཞིས་བསྡུས་པ་ཉོན་མོངས་པ་ད་ང་མི་ལྡན་པའི་
མཚན་ཉིད་བཞིའོ། སངས་རྒྱས་ཉིད་ཀྱི་ལམ་ལ། སྦྱིན་པ་ལ་སོགས་པའི་ཕ་
རོལ་ཏུ་ཕྱིན་པ་རྣམ་པ་བཅུ་སྟེ།
དེ་ལྟར་ན་བྱང་ཆུབ་སེམས་ད་པའ་རྣམས་[༡]ལ་་་་
ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་
གྱི་རྣམ་པ་སུམ་ཅུ་རྩ་བཞིའོ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་
ཕྱིར་ཐུན་མོང་མ་ཡིན་པའི་ལམ་གཅིག་པུ་ཁོ་ན་ཡིན་ཏེ།
དེ་ལ་ནི་གནས་དང་
གནས་མ་ཡིན་པ་དང་།
ལས་ཀྱི་རྣམ་པར་སྨིན་པ་དང་། མོས་པ་སྣ་ཚོགས་
ད་ང་།
འཇིག་རྟེན་གྱི་ཁམས་དུ་མ་ད་ང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་
ད་ང་།
ཐམས་ཅད་དུ་འགྲོ་བའི་ལམ་དང་། ཀུན་ནས་ཉོན་མོངས་པ་དང་།
རྣམ་པར་བྱང་བ་ད་ང་། སྔོན་གྱི་གནས་རྗེས་སུ་དྲན་པ་ད་ང་། འཆི་འཕོ་ད་ང་།
སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུ་དང་། ང་ནི་
སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེས་པ་དང་།
འདོད་ཆགས་ལ་
སོགས་པ་བར་ཆད་བྱེད་པ་ཉིད་དུ་
བརྫོད་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་
སོགས་པའི་ལམ་ངེས་པར་འབྱུང་བ་ཉིད་དུ་རབ་ཏུ་བསྟན་པ་དང་།
བདག་ཉིད་ཀྱི་
ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་རྒོལ་བ་པོ་མེད་པས་
མི་འཇིགས་པའི་
རྣམ་པ་བཞི་དང་།
རྣམ་གྲངས་ད་ང་། ཆོས་ཀྱི་མཚན་ཉིད་དང་། ཡུལ་གྱི་
སྐད་དང་།
ཆོས་རབ་ཏུ་དབྱེ་བའི་ཡུལ་ལ་གོ་རིམས་བཞིན་དུ་ཆོས་དང་།
དོན་དང་། ངེས་པའི་ཚིག་ད་ང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་
རྣམ་པ་བཞི་དང་། འཁྲུལ་པ་དང་། ཅ་ཅོ་ད་ང་། དྲན་པ་ཉམས་པ་དང་། ཐུགས་
མཉམ་པར་མ་བཞག་པ་དང་།
ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། སོ་སོར་མ་་་
བརྟགས་པའི་བཏང་སྙོམས་མི་མངའ་བའི་རྣམ་པ་དྲུག་དང་།
འདུན་[༢]པ་དང་།
བུ་2---27ཏྲ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*