མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ལས་
ཕྱིར་མི་ལྡོག་པ་ཡིན་པར་རྟགས་ཉི་ཤུ་པོ་འདི་དག་གིས་ཤེས་པར་བྱའོ་
ངེས་པར་་་་་་་
འབྱེད་པའི་ཆ་དང་མཐུན་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་འོག་ཏུ།
མཐོང་
བའི་ལམ་གྱི་ཕྱིར་མི་ལྡོག་པའི་མཚན་ཉིད་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་
གིས་གསུངས་པ།
མཐོང་བའི་ལམ་ལ་བཟོད་པ་དང་། ཤེས་པའི་སྐད་ཅིག་
བཅུ་དྲུག་ནི།
བྱང་ཆུབ་སེམས་ད་པའ་མི་ལྡོག་པའི། མཚན་ཉིད་ཡིན་པར་་་་
ཤེས་པར་བྱ།
ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པའི་
སྒོ་ནས།
ཆོས་ད་ང་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པའི་སྐད་ཅིག་མ་
བཅུ་དྲུག་ནི།
བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་་་་་་་
ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་ནོ།
སྐད་ཅིག་མའི་རྣམ་པ་ཅི་འདྲ་བ་ཞིག་
མཚན་ཉིད་ཡིན་ཞེ་ན།
རྣམ་པ་རྣམས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔས་་་་་
གསུངས་པ་ནི།
གཟུགས་སོགས་འདུ་ཤེས་ལྡོག་པ་དང་། སེམས་བརྟན་[༡]ཐེག་
པ་དམན་ད་ག་ལས།
རྣམ་ལོག་བསམ་གཏན་ལ་སོགས་པའི། ཡན་ལག་་་་་་
ཡོངས་སུ་ཟད་པ་དང་།
ལུས་སེམས་ཡང་བ་ཉིད་ད་ང་ནི། འདོད་ལ་སྤྱོད་ལ་
ཐབས་མཁས་ད་ང་།
རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། འཚོ་བ་རྣམ་པར་
དག་ཉིད་ད་དང་།
ཕུང་སོགས་བར་ཆད་བྱེད་རྣམས་དང་། ཚོགས་དང་དབང་
སོགས་བཅས་པ་ཡི།
གཡུལ་འགྱེད་སེར་སྣ་ལ་སོགས་ལ། སྦྱོར་དང་རྗེས་སུ་་
སྦྱོར་བ་ཡི།
གནས་པ་སོ་སོར་བཀག་པ་དང་། ཆོས་ནི་རྡུལ་ཙམ་མི་ད་མིགས་
ཉིད་༑
རང་གི་ས་ལ་ངེས་པ་ཉིད། ས་གསུམ་ལ་ནི་གནས་པ་དང་། ཆོས་
ཀྱི་དོན་དུ་སྲོག་གཏོང་བ།
དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། བློ་ལྡན་མཐོང་
བའི་ལམ་གནས་།
ཕྱིར་མི་ལྡོག་པའི་རྟགས་དག་ཡིན། ཞེས་བྱ་བ་ཡིན་ཏེ།
བུ་2---295


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*