བསྒོམ་[༡]ཞེས་བྱ་བའི་ལམ་གྱིས་ནི། ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། ཅེས་
བྱ་བ་གསུངས་ཏེ།
ཆོས་ཉིད་ཀྱི་རང་གི་ངོ་བོར་འདོད་པའི་ལམ་གྱི་ད་ངོས་པོ།
ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡང་དག་པར་ན་དེ་ཉིད་ད་ང་། གཞན་ཉིད་དང་
གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པ་ལ་
སྒོམ་པ་ཕུལ་དུ་ཕྱིན་
པར་[༢]བྱར་མེད་པའི་ཕྱིར།
མི་མཐུན་པའི་ཕྱོགས་ད་ང་གཉེན་པོ་དག་གོ་རིམས་
བཞིན་དུ་འབྲལ་བ་དང་སྐྱེ་བར་མི་རུང་ང་ངོ།
དེ་བས་ན་སྒོམ་པ་ཞེས་བྱ་བའི་ལམ་
གྱིས་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ནི་ཅི་
ཞིག་བོར་རྣམ་པར་བྱང་བ་ནི་ཅི་ཞིག་
འཐོབ་སྟེ།
ཅུང་ཟད་ཀྱང་མི་བྱེད་པ་ཉིད་པས་ཉེ་བར་དགོད་པར་མི་བྱ་བ་ཁོ་
ནའོ་ཞེ་ན།
དེ་ལྟ་མ་ཡིན་ཏེ། འདི་ལྟར། བྱང་ཆུབ་ཇི་ལྟ་དེ་བཞིན་དུ།
འདི་ནི་འདོད་པའི་དོན་སྒྲུབ་བ་བྱེད། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད་། དེ་
ཡང་དེ་ཡི་མཚན་ཉིད་བཞེད།
ཅེས་བྱ་བ་གསུངས་ཏེ། ཇི་ལྟར་ཁྱད་པར་དུ་
བྱར་མེད་པའི་དེ་བཞིན་ཉིད་ཀྱི་བྱང་ཆུབ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་
ཆོས་[༢]ཀྱི་སྐུ་ལ་སོགས་པའི་རང་བཞིན་གྱི་སངས་རྒྱས་ཀྱི་བདག་པོ་ཙམ་གྱིས།

གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་རྗེས་སུ་མཐུན་པར་དོན་
ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་
ནས་མངོན་པར་འདོད་པའི་དོན་
བྱེད་པ་དེ་བཞིན་དུ།
བསྒོམས་པས་ཀློ་བུར་གྱི་དྲི་མ་ད་ང་བྲལ་བའི་སྒོ་ནས་མངོན་
སུམ་དུ་བྱས་པའི་ལམ་དེ་བཞིན་ཉིད་ཀྱི་མཚན་ཉིད་འདི་ཡང་ཀུན་རྫོབ་ཏུ་མངོན་་
པར་འདོད་པའི་དོན་གྱི་བྱ་བ་
བྱེད་དོ། དོན་དམ་པར་ནི་ཉམས་པ་དང་འཕེལ་་
བ་དགག་པའི་ཚུལ་དུ་བཞེད་པས་དེའི་ཚེ་སྦྱོར་བ་མེད་པ་ཉིད་སྦྱོར་བ་ཡིན་པའི་
ཕྱིར་ཉེས་པ་
མེད་དོ། དེ་ལྟ་ཡིན་ན་[༤]ཡང་ཀུན་རྫོབ་ཏུ་ཡང་དོན་བྱེད་པར་མི་
རུང་ངོ་སྙམ་པའི་དོགས་པ་བསུ་བར།
སེམས་ནི་སྔ་མས་བྱང་ཆུབ་པར།
52---300


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*