སེམས་སྐྱེ་བ་དང་། ད་མྱལ་བ་ལ་སོགས་པའི་སེམས་ཅན་མཐོང་བ་སྔོན་དུ་འགྲོ་བ་
རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་དང་།
གྲོང་ཁྱེར་
ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབས་གྲུབ་པ་
དང་།
གནོད་སྦྱིན་ལ་སོགས་པ་མི་མ་ཡིན་པ་མེད་པར་བྱེད་པའི་བདེན་པའི་ཚིག་
གྲུབ་པ་ད་ང་།
རང་ཉིད་མངོན་པར་ཤེས་པས་ཕ་རོལ་གནོན་པའི་དགེ་བའི་
བཤེས་གཉེན་བསྟེན་པ་དང་།
རྣམ་པ་ཐམས་ཅད་དུ་་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སློབ་པ་དང་།
ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ད་ང་།
སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བ་རྣམ་པ་བཅུ་གཉིས་ནི་རྩེ་མོའི་
མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ན་ནོ།

དེ་ལྟར་རྟགས་ཀྱིས་མཚོན་པའི་རྣམ་པར་འཕེལ་བ་རྣམ་པ་དུ་ཞིག་ཡོད་ཅེ་ན།
རྣམ་པར་འཕེལ་བ། འཛམ་བུ་གླིང་གི་སྐྱེ་བོ་སྙེད། སངས་རྒྱས་མཆོད་པའི་
ད་གེ་ལ་སོགས།
རྣམ་མང་དུ་ནི་དཔེར་མཛད་ནས། རྣམ་འཕེལ་བཅུ་དྲུག་་་་
བད་ག་ཉིད་ད་དོ།
ཞེས་བྱ་བ་གསུངས་ཏེ། འཛམ་བུའི་གླིང་ལ་སོགས་པ་སྟོང་་
གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་སྙེད་ཀྱིས་[༡]དེ་བཞིན་གཤེགས་པ་ལ་་
མཆོད་པ་བས་ལྷག་པ་དང་།
ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་
བྱེད་
པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། བྱང་ཆུབ་པར་བྱ་བ་
དང་བྱང་ཆུབ་པར་བྱེད་པའི་ཆོས་རྣམས་མི་དམིགས་པ་དང་།
དགེ་བ་བཅུ་ལ་
སོགས་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་ལས་ཁྱད་པར་
དུ་འཕགས་པ་དང་།
ལྷའི་རིས་ཐམས་ཅད་ཉེ་བར་འོང་བ་ད་ང་། བདུད་
ཐམས་ཅད་ཟིལ་གྱིས་གནོན་པ་དང་།
སྟོན་པ་དང་འདྲ་བར་སྐྱེ་བོ་ལ་མཚུངས་་
52---307


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*