ལམ་གྲུབ་པས་འཁོར་བ་ཇི་སྲིད་པ་དང་རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་
སུ་འཇུག་པ་ཞེས་བྱ་བ་སྨོན་
ནས་མཁྱེན་པ་ད་ང་། སྔར་བཤད་པའི་མངོན་པར་
ཤེས་པ་དྲུག་ད་ང་།
སོ་སོ་ཡང་དག་པར་རིག་པ་བཞི་དང་། རྟེན་དང་
དམིགས་པ་དང་ཐུགས་དང་ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་དག་པ་བཞི་དང་།

ཚེ་དང་། སེམས་ད་ང་། ཡོ་བྱད་དང་། ལས་དང་། སྐྱེ་བ་ད་ང་། མོས་
པ་དང་།
སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་
ད་བང་བ་ཞེས་བྱ་བ་དབང་བཅུ་དང་།
སྔར་བཤད་པའི་སྟོབས་བཅུ་ད་ང་། མི་
འཇིགས་པ་བཞི་དང་།
དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་
སྤྱོད་པ་ཡོངས་སུ་ད་ག་པ་སྟེ།
འདི་ལ་ཕྱིན་ཅི་ལོག་གི་ཀུན་དུ་སྤྱོད་པ་གཞན་གྱིས་
ཡོངས་སུ་ཤེས་པའི་བསྙེངས་པས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའོ་
ཞེས་བྱ་བ་བསྲུང་བ་མེད་པ་རྣམ་པ་གསུམ་དང་།
ཆོས་སྟོན་པ་ན་ཉན་པར་
འདོད་པ་དང་།
ཉན་པར་མི་འདོད་པ་དང་གཉིས་ཀ་དག་ལ་གོ་རིམས་བཞིན་དུ་
རྗེས་སུ་ཆགས་པ་དང་།
ཁོང་ཁྲོ་བ་དང་། གཉིས་ཀས་དབེན་པ་ཁོ་ནར་
བཏང་སྙོམས་སུ་དྲན་པ་ད་ང་ལྡན་པར་གནས་སོ།
ཞེས་བྱ་བ་དྲན་པ་ཉེ་བར་
གཞག་པ་རྣམ་པ་གསུམ་ད་ང་།
སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་
འདའ་བའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་མི་མངའ་བའི་ཆོས་ཉིད་ད་དང་།
ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་བག་
ཆགས་ཡང་ད་ག་པར་བཅོམ་པ་དང་།
སྐྱེ་བོ་མཐའ་དག་ལ་ཕན་པའི་བསམ་པ་
ཉིད་ཅེས་བྱ་བ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་།
སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅྭ་བརྒྱད་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དང་་་་
ཞེས་བྱ་བའི་སྒྲས་བསྡུས་པ་ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་་
е-2---335


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*