ཀྱིས་ཕྱག་ད་ང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་
བརྒྱན་པ་ཉིད་ཡིན་ན་ནོ།

དེ་ལྟར་སྐུ་གསུམ་བསྟན་ན་ནས། བཞི་པ་སྤྲུལ་པའི་སྐུ་བྱིས་པའི་སྐྱེ་བོ་ཐམས་
ཅད་དང་ཐུན་མོང་བ།
གང་གིས་སྲིད་པ་ཇི་སྲིད་པར། འགྲོ་ལ་ཕན་པ་སྣ་
ཚོགས་ད་ག
མཉམ་དུ་མཛད་པའི་སྐུ་དེ་ནི། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད།
ཅེས་བྱ་བ་གསུངས་ཏེ། ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་འཁོར་བ་
ཇི་སྲིད་
པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་འདོད་པའི་
དོན་མཉམ་
པ་ཉིད་དུ་མཛད་པའི་སྐུ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་སངས་རྒྱས་
བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ།
དེ་ལྟར་ངོ་བོ་ཉིད་
ཀྱི་སྐུའི་བད་ག་ཉིད་བསྒོམས་པའི་སྟོབས་ལས་བྱུང་བ་སངས་རྒྱས་ལ་སོགས་པའི་
ཡུལ་ཉིད་དུ་ཡེ་ཤེས་ལ་སོགས་པ་
ལ་ལྟོས་[༡]ནས་རབ་ཏུ་བརྟགས་པའི་སྐུ་གསུམ་
བསྟན་ནས།
ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་
སྣང་བ་སྐྱེད་པའི་སྒོ་ནས་དོན་བྱ་བ་མཛད་པས་ན།
གདུལ་བྱའི་སྐྱེ་བོའི་[༢]སྣང་བ་
ལ་བརྟེན་པའི་ལས་དེའི་བདག་པོ་ལ་བརྟེན་ནས་བྱུང་བ་རྣམས་ནི་ཆོས་ཀྱི་སྐུའི་[༢]
ཡིན་
ནོ་ཞེས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། ལས་འདི་[༤]རྒྱུན་མི་འཆད་་་་་
པར་འདོད།
འགྲོ་རྣམས་ཞི་བའི་ལས་དང་ནི། བསྡུ་རྣམ་བཞི་ལ་དགོད་པ་་
དང་།
ཀུན་ནས་ཉོན་མོངས་བཅས་པ་ཡི། ནམ་པར་བྱང་བ་རྟོགས་པ་ད་ང་།
སེམས་ཅན་རྣམས་དོན་ཇི་བཞིན་གྱི། དོན་དང་ཕ་རོལ་ཕྱིན་དྲུག་ད་ང་།
སངས་རྒྱས་ལམ་དང་རང་བཞིན་གྱིས། སྟོང་པ་ཉིད་དང་གཉིས་ཟད་ད་དང་།
བརྡ་དང་དམིགས་པ་མེད་པ་དང་། ལུས་ཅན་རྣམས་ནི་ཡོངས་སྨིན་དང་།
62---348


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*