རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ཕྱི་དང་ནང་གི་བད་ག་ཉིད་ཅན་གྱི་རྣམ་པས་རྣམ་
པར་ད་ག་ཅིང་དྲི་མ་[༡]མེད་པ་ཡིན་ཏེ།
འདིར་ངེས་པར་འབྱེད་པའི་ཆ་དང་
མཐུན་[༢]པའི་གནས་སྐབས་སུ་རྣམ་པ་ཐམས་ཅད་དུ་ད་ག་པ་སྟེ་མེད་པས་ཅུང་ཟད་
ཙམ་གྱིས་དག་པ་ཡིན་པར་བལྟ་བར་བྱའོ།
དེ་དག་སྐྱེ་མེད་ཅེས་བྱ་བ་ལ་སོགས་
པ་ནི་བཤད་ཟིན་ཏོ།
བཟོད་པར༐རྟོགས་པ[༢]་ཆེན་པོའི་རང་དང་སྤྱིའི་མཚན་
ཉིད་ནི་སྔར་བཤད་ཟིན་ཏོ།
དེ་མི་འཐད་པ་ནི་གཟུགས་ལ་སོགས་པ་ཡིན་པར་
མི་རུང་ཞིང་མི་རིགས་པས་གཟུགས་ལ་སོགས་པའི་ཆོས་
ཐམས་ཅད་ཀྱི་མཚན་ཉིད་
མེད་པ་སྟེ།
དེའི་མཚན་མ་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། རང་
བཞིན་ཁོ་ན་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱིས་
ན་གཟུགས་ལ་སོགས་པའི་རྟེན་མེད་
པ་ཡིད་ལ་བྱེད་པ་སྟེ་ཀུན་རྫོབ་ཏུ་གཟུགས་ལ་
སོགས་པ་ཡོད་པར་མངོན་
པར་ཞེན་པའོ[༥]། དེ་ལ་མི་མོས་པ་ནི་མངོན་པར་མ་་
ཞེན་པའོ།
 གཟུགས་ལ་སོགས་པའི་རང་གི་མཚན་ཉིད་ལ་སོགས་པ་ནི་སྔར་
བཤད་པ་སྟེ་དེའི་མཚན་མ་འོ།
དེའི་མཚན་མར་མི་རྟེན་པ་ནི་མངོན་པར་མ་ཞེན་
པའོ༑
དེའི་མཚན་མ་ཞེས་བྱ་བ་ལ་སོགས་པ་[༦]བཤད་ཟིན་ཏོ། དེ་ཁོ་ན་ཉིད་
ཡིད་ལ་བྱེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་པའོ།
དེ་ཡོངས་སུ་
ཤེས་པ་མེད་པ་ནི་དམིགས་སུ་མེད་པའོ།
ཡང་དག་པའི་ཤེས་པ་དང་ལྡན་པ་ནི་
འདུ་ཤེས་ཉིད་ད་དོ།
དེ་མེད་པས་ན་འདུ་ཤེས་མེད་པ་ཉིད་ད་དེ། དངོས་པོའི་
ཆོས་ལ་མངོན་པར་ཞེན་པ་དང་།
མངོན་པར་མ་ཞེན་པ་དེ་མེད་ན་དེ་ཅི་ལྟར་་
ཡོད་ཅེས་བྱ་བར་དགོངས་ས་སོ།
བཟོད་པ་ཞེས་བྱ་བ་དོན་དང་ལྡན་པ་ཉིད་ནི་དེ་
ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།
དེ་ལྟར་ན་བཟོད་པའི་དམིགས་
པ་དང༐
རྣམ་པ་[༧]དང་ལྡན་པ་ལ་ནི་ངན་འགྲོ་མེད་པས་ཞེས་བྱ་བ་ནི་ཆོས་མངོན་པ་
ཅ་2---423


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*