མོངས་པ་ནི་འདོད་ཆགས་ལ་སོགས་པས་ས་སོ། རྣམ་པར་བྱང་བ་ནི་མྱ་ངན་ལས་
འད་ས་པའོ།
འཕགས་པའི་ལམ་ལ་མི་གནས་པ་ནི་མཐོང་བའི་ལམ་ལ་སོགས་པ་
ལ་མངོན་པར་ཞེན་པའོ།
དམིགས་པ་ནི་གཟུགས་ལ་སོགས་པ་ལ་མངོན་པར་
ཞེན་པའོ།
བདག་ལ་སོགས་པ་ནི་འདོད་ཆགས་དང་གཞན་དུ་འདུ་ཤེས་པ་ལ་
སོགས་པའོ།
རྣམ་པར་དག་པ་བསྐྱེད་[༡]པ་ལ་སོགས་པ་ནི་འཁོར་གསུམ་རྣམ་
པར་དག་པ་མ་[༢]སྐྱེད་པ་སྟེ།
དེ་ཡང་དག་པར༐སྦྱང་བའི་རྣམ་པར་དག[༢]ིཔ་་
གསུམ་མོ།
དེ་ལ་གཟུང་བའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པ་
དེའི་གཉེན་པོའི་ཕྱོགས་ཀྱི་ལམ་ལ་གནས་པའོ། ཕུང་པོ་ནི་ཕུང་པོ་རྣམས་ས་སོ།
སྐྱེ་བའི་སྒོ་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ས་སོ། རིགས་ནི་ཁམས་བཅོ་
བརྒྱད་ད་དོ།
སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། སྟོང་པ་ཉིད་ནི་་་་་
བདག་མེད་པའོ།
ཕ་རོལ་ཏུ་ཕྱིན་པའི་དོན་ནི་འཚང་རྒྱ་བ་ཉིད་ད་དོ། མཐོང་
བ་དང་བསྒོམ་པ་དང་[༤]མི་སློབ་པའི་ལམ་ནི་གསུམ་སྟེ།
དེ་ལ་གཟུང་བའི་བདག་
ཉིད་ཅན་གྱི་[༢]རྣམ་པར་རྟོག་པ་གང་ཡིན་པ་ནི་དེ་དག་ག་གོ།
ཁ་ཅིག་ན་རེ་དེ་ལ་
གཞི་ཐམས་ཅད་པ་[༦]ཁོ་ན་དང་པོར་གཟུང་བའི་
རྣམ་པར་རྟོག་པ་ཡིན་ལ་རྣམ་པར་
བྱང་བའི་གཞི་ཁོ་ན་ནི་གཉིས་པ་ཡིན་པས་འདི་དག་ནི་གཟུང་བའི་རྣམ་པར་རྟོག་
པ་འདི་གཉིས[༧]ཁྱད་པར་ཡིན་ན་ནོ།
དེ་ལྟར་བྱས་ན་གཟུང་བའི་རྣམ་པར་རྟོག་པ་
ད་ང་པོ་གང་ཡིན་པ་གཉིས་པ་ཡང་དེ་ཡིན་ན་ནོ།
ཞེས་སྔ་མ་སྟོན་པར་བྱས་པ་ཡིན་
ལ་
རེ་ཞིག་དང་པོ་གང་ཡིན་པ་དེ་གཉིས་པ་ཡང་ཡིན་ཏེ་འདི་ལྟར་གཞི་ཐམས་ཅད་
པ་དང་པོ་གཟུང་བའི་རྣམ་པར་རྟོག་པར་འགྱུར་གྱི་གཉིས་པ་ནི་དང་པོ་མ་ཡིན་ཏེ།

འདི་ལྟར་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་རྣམ་པར་བྱང་བ་ཙམ་ལ་བརྟེན་
པ་ཡིན་ནོ་ཞེས་ཟེར་ར་རོ།
གཞན་དག་ནི་འདི་གཉིས་ཀྱི་དབྱེ་བ་ནི་གཞན་རྣམ་
62---428


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*