སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་སོ་ཞེས་བྱ་བར་སྦྱར་ར་རོ། དེ་ལ་རྒོལ་བའི་
དོན་ཕྱེད་སྔ་མའི་ལན་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།
ཉན་
ཐོས་ཀྱི་ཐེག་པ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་སྟེ་དེ་རྟོགས་
པའི་རིམ་གྱིས་ཞེས་བྱ་བ་ནི་གོང་ནས་གོང་དུ་ཤེས་པའི་གོ་རིམས་ཀྱིས་ཇི་ལྟར་
ཏེ་ཇི་
ལྟ་བར་དམིགས་པ་བཞིན་དུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་ལ་ཞེས་བྱ་བ་
ནི་ལྷག་མའོ།
དེ་བཞིན་དུ་དེ་དང་འདྲ་བར་འཕགས་པའི་ཆོས་རྟོགས་པར་བྱ་་་་
བའི་ཕྱིར་དམིགས་པར་བྱའོ་ཞེས་བྱ་བ་ལ་སོགས་པར་སྦྱར་ར་རོ།
དེས་ཅིར་འགྱུར་
ཞེ་ན།
རིགས་ཉིད་དུ་ཐ་སྙད་འདོགས་སོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཁོ་ན་
ཉན་ཐོས་ལ་སོགས་པའི་རིགས་སུ་ཐ་སྙད་དུ་བྱེད་དོ།
ཅིའི་ཕྱིར་ཞེ་ན། ཆོས་
ཀྱི་དབྱིངས་ཁོ་ན་རྒྱུར་གྱུར་པར་རྣམ་པར་གཞག་པ་ཡིན་པའི་ཕྱིར་ཏེ།
་ཡང་དག་
པར་ན་དེ་ལས་གཞན་པའི་རྒྱུ་ཡོད་པར་མི་འཐད་པས་
ཛེག་པ་གསུམ་གྱིས་[༡]རིགས་
ཀྱི་རྒྱུ་ཉིད་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཁོ་ན་ཡིན་པར་
མདོ་སྡེ་ལས་བསྟན་པའི་ཕྱིར་ལུང་ལས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བྱང་ཆུབ་
སེམས་དཔའི་[༢]
ིརྒྱུར་བྱས་ནས་སྤྱིར་ཐེག་པ་གསུམ་[༢]ིའབྲས་བུ་ཡིན་པ་ལ་བརྟེན་ཏེ།
ཇི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམ་པར་གཞག་པ་དེ་བཞིན་དུ་་
བྱང་ཆུབ་སེམས་དཔའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་རིགས་ཤེས་པར་་
འགྱུར་རོ།
ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། ཐེག་པ་གསུམ་དབྱེར་མེད་པའི་
ཕྱོགས་ལྟར་ན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཁས་བླངས་པ་
དེ་རིགས་པའི་དཔེས་བྱང་ཆུབ་སེམས་ད་པའ་རིགས་སུ་རྣམ་པར་[༤]གཞག་པ་གང་
ཡིན་པ་དེའི་ཕྱིར་དཔེ་མ་གྲུབ་པའི་དོགས་པ་མི་བྱའོ།
ལན་ཅིག་ཀྱང་ཞེས་བྱ་བ་
ལ་སོགས་པ་
ལ་ལན་གཞན་དུ་གསུངས་ཏེ་ཞེས་བྱ་བ་ནི་ཡང་དག་པར་ན་རྟེན་དང་
བུ2---436


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*