ཚོགས་ཀྱི་ལམ་སྐྱེ་བས་ཞེས་པ་ནི་བསྒོམ[༡]་པའི་ལམ་འབྱུང་བ་སྟེ། འདིར་
སངས་རྒྱས་ཀྱི་རྒྱུའི་ཚོགས་[༢]རྫོགས་པར་
བྱེད་པས་ན་ཚོགས་ཏེ། དངོས་སུ་ན་
ཆོས་དུ་མའི་དོན་ཏོ།
དེས་ན་ལས་ད་ང་པོ་པའི་ས་ནས་ཁྱད་པར་གྱི་ལམ་གྱི[༢]
་བར་དུ་ཚོགས་ཡིན་མོད་།
བསྒོམ[༤]་པའི་ལམ་འདིར་ནུས་པ་མཐུ་ཅན་གྱིས་[༥]
ཆོས་
རྒྱས་པ་ལ་དམིགས་པས་ན་འདི་ལ་ཚོགས་ཀྱི་གཙོ་བོར་གྱུར་པས་ཚོགས་ཞེས་་་་
གསུངས་སོ། ཡེ་ཤེས་ཀྱི་ཚོགས་ལ་སྟོང་པ་ཉིད་ཉི་ཤུར་གསུངས་པ་ལ། ཁ་་་་
ཅིག་ནི་འདིར་ནི་ལམ་གྱི་སྐབས་ཀྱི་ཡེ་ཤེས་གཙོར་[༦]སྟོན་པ་ནི་འབྲས་བུའི་ཡེ་ཤེས་མེ་
ལོང་ལྟ་བུ་ལ་སོགས་པ་གཙོར་[༧]
མ་བསྟན་ཏོ་ཞེས་ཟེར་རོ། འཕགས་པ་རྣམ་པར་
གྲོལ་བའི་སྡེའི་ཞལ་སྔ་ནས་ནི་དེ་དག་ཀྱང་འདིར་དྲངས་ཏེ་བརྗོད་པར་རིགས་ཏེ།

སྟོང་པ་ཉིད་ཉི་ཤུ་པོ་འདི་དག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་མེ་ལོང་ལྟ་བུ་དང་བཅས་
པའི་བྱེ་བྲག་གོ་ཞེས་གསུངས་ས་སོ།
སའི་ཚོགས་ཞེས་བྱ་བ་ལ་འདིར་སའི་ཚོགས་དེ་
ནི་རྒྱས་པར་ཁོང་དུ་ཆུད་པར་བྱ་ན་སའི་ངེས་པའི་ཚིག་དང་།
སའི་དབྱེ་བ་དང་།
རང་བཞིན་དང་། ཤས་ཆེ༐ཆུང་གི་[༨]ཆོས་ད་ང་། ཡོངས་སུ་སྦྱོང་བ་ད་ང་།
ས་དེ་དག་ཐོབ་པའི་[༩]ལུས་ཡོངས་སུ་འཛིན་པ་དང་། ཀུན་རྫོབ་ཀྱི་ཡེ་ཤེས་ད་ང་།
མི་མཐུན་པའི་ཕྱོགས་དང་། ས་དེ་དག་གི་རྟགས་དང་། འབྲས་བུ་རྣམས་
བརྗོད་པར་བྱ་བར་རིགས་ས་སོ།
དེ་ལ་ངེས་པའི་ཚིག་ནི་སྤྱི་དང་སོ་སོ་བས་གཉིས་
ཏེ༑
རེ་ཞིག་སྤྱིའི་དབང་དུ་མཛད་ནས་ནི། དགེ་བ་བསྒྲུབ་པ་སྣ་ཚོགས་ལ།
དགའ་བས་རྟག་[༡༠]པར་ཐམས་ཅད་ད་དུ། གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི།
ས་རྣམས་གནས་པ་ཡིན་པར་འདོད། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར།
ད་པག་ཏུ་མེད་པ་དེ་དག་ལ། ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། དེ་དག་ཉིད་ནི་
སར་
འདོད་དོ། ཞེས་གསུངས་སོ། དེ་བཞིན་དུ་སོ་སོ་བའི་ད་བང་དུ་བྱས་ཏེ་
52---824


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*