ནམ་པ་ཞེས༐བྱ་བ་[༡]ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་ཡོན་ཏན་སྨོས་
པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་
བ་ནས་འདིར་ཡང་རྣམ་པ་ཞེས་
སྨོས་ཏེ།
རྣམ་པ་[༢]ཞེས་བྱ་བ་ནི་དྲུག་པ་མང་པོའི་ཚིག་ཅན་ཉིད་ད་དོ། དེ་ལྟར་
རྣམ་པ་ནི་གསུམ་ཞེས་བསྟན་ན་ནས།
ད་ནི་རྣམ་པའི་རང་བཞིན་ཅི་ཞིག་ལ་བྱ་བ་
དེ་སྟོན་པས།
རྣམ་པ་ཉིད་དུ་གཞག་[༢]པ་ནི་མཚན་ཉིད་དེ་ཞེས་སྨོས་ཏེ། དང་
པོར་རེ་ཞིག་སྔར་བསྟན་པ་ལྟར་རྣམ་པ་ཞེས་བྱ་བ་ནི་བྱེ་བྲག་དུ་མ་ལ་བྱའོ་ཞེས་
བསྟན་ཅིང་།
དེའི་འོག་ཏུ་བྱེ་བྲག་དེ་དག་ཐ་དད་པར་རྟོགས་[༦]པ་སྲིད་པས་དེ་
དགག་པར་ནི།
ཆོས་ཅན་མཚན་གཞི་གཅིག་[༥]གཅིག་གི་མཚན་ཉིད་དོ་ཞེས་ཐ་
ད་ད་པ་སྤོང་བར་བྱེད་པའོ། དེ་ལ་ཐམས་ཅད་ཤེས་པའི་རྣམ་པ་ཉི་ཤུ་རྩ་བདུན་
ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་[༦]གང་ཟག་ལ་བདག་མེད་པར་རྟོགས་[༧]
པའི་ཡེ་ཤེས་མཚན་གཞི་དེའི་མཚན་ཉིད་དོ།
ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་
དྲུག་ནི་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་བདག་མེད་པ་རྣམ་པ་གཉི་ག་[༨]རྟོགས་་་་་
པའི་ཡེ་ཤེས་ཆེན་པོའི་མཚན་གཞིར་གྱུར་པ་དེའི་མཚན་ཉིད་ད་དོ།
རྣམ་པ་ཐམས་
ཅད་མཁྱེན་པ་འི་རྣམ་པ་བརྒྱ་རྩ་བཅུ་པོ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་ཡེ་ཤེས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལ་སྐད་ཅིག་གིས་མཁྱེན་པའི་་་་
མཚན་གཞི་དེ་
ལ་བརྟེན་པའི་མཚན་ཉིད་ད་དོ། སངས་རྒྱས་ཀྱི་རྒྱུད་ལ་ནི་འཕགས་
པའི་སྐྱེ་བོ་མ་ལུས་པའི་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་འཇུག་པ་ཞི་བས་བརྟེན་པའི་་
ཕྱིར་རོ།
གཞན་དག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་ལས་ཐམས་ཅད་
ཤེས་པ་དང་ལམ་ཤེས་པས་བསྡུས་
པའི་རྣམ་པ་སུམ་ཅུ་རྩ་བདུན་དང་། རྣམ་པ་
སུམ་ཅུ་རྩ་བཞི་པོ་རྣམས་ནི་
ཛེག་པ་ཐམས་ཅད་ནི་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པའི་
ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའི་རྣམ་པར་གཞག་[༩]གི་དངོས་སུ་ན་་་་
е-2-----854


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*