ནོ༑ དེ་བཞིན་དུ་ས་ལ་སོགས་པ་དག་ཀྱང་དོན་དམ་པར་ན་འབྱུང་བའི་ངོ་བོ་་
ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་ར་རོ།
དེ་ལྟར་ཕྱོགས་འདིས་ཚད་མ་ཐམས་ཅད་
ཀྱང་རྣམ་པར་བཤད་པར་བྱའོ།
འདིར་གང་དག་གོ་སླ་བ་དང་རྣམ་པར་བཤད་
ཟིན་པའི་དོན་
དེ་དག་ནི་འོག་ནས་ཀྱང་ཡི་གེ་མངས་ཀྱིས་དོགས་ནས་རྣམ་པར་མི་
འཆད་དོ།
སྤྱིར་དགག་པ་བསྟན་ནས་དེ་ད་ག་བྱེ་བྲག་ཏུ་དགག་པ་བསྟན་པའི་
ཕྱིཕྱིར༑
ས་ནི་སྲ་བའི་ངོ་བོ་མིན། འབྱུང་བ་ཉིད་ཕྱིར་རླུང་བཞིན་ན་ནོ། ས་་
ཡི་ལས་ནི་འཛིན་མ་ཡིན།
བྱས་པ་ཉིད་ཕྱིར་ཆུ་བཞིན་ན་ནོ། ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ།
འཇིག་རྟེན་ད་ང་ཆོས་མངོན་པ་ལ་སོགས་པའི་བསྟན་བཅོས་་
ལས་སའི་མཚན་ཉིད་ནི་སྲ་
བ་ཉིད་ཡིན་པ་ལས་ནི་བརྟན་[༡]པར་བྱེད་པར་བསྟན་་
པས་དེ་དག་དགག་པའི་[༢]ཕྱིར་ཚད་མ་རྣམ་པ་གཉིས་ཉེ་བར་བཀོད་དེ།
གང་གི་
ཕྱིར་ཆུ་དང་མེ་དང་
རླུང་ལས་ལོགས་ཤིག་ན་ས་ཞེས་བྱ་བ་འགའ་ཡང་ཡོད་པ་མ་་
ཡིན་ཏེ།
འདུས་པའི་ངོ་བོ་ཉིད་དག་ལས་སའི་མཚན་ཉིད་ལོགས་ཤིག་ཏུ་བཀར་
ཏེ་བསྟན་པར་ནི་ཇི་ལྟར་ཡང་མི་ནུས་ལ།
ལས་ཀྱི་བྱེ་བྲག་ཀྱང་དེ་བཞིན་པས་་
དེའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་ན་ནོ།
དེ་ལྟར་དཔྱད་པ་ན། མེད་ཀྱང་གལ་
ཏེ་དེ་ཉིད་ད་དུ།
ས་ཡི་དངོས་ཉིད་སྲ་སྙམ་ན། རྣལ་འརྦོར་པ་དག་དེ་ལ་ནི།
འབྱུང་དང་འབྱིང་བ་མི་རིགས་སོ། ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་
ཡང་དེའི་མཚན་ཉིད་དེ་ལྟ་བུ་ཡོད་པར་སེམས་ན་རྣལ་འབྱོར་པ་དག་ས་ལ་ཆུ་ལ་བྱ་
བ་བཞིན་དུ་སྟེང་དུ་འབྱུང་བ་དང་འོག་ཏུ་འབྱིང་
བ་དག་མི་རིགས་ས་སོ། གལ་ཏེ་
བསམ་གཏན་གྱི་[༢]མཐུས་སྲ་བ་ཉིད་ཀྱང་གཤེར་བ་ཉིད་དུ་སྒྱུར་[༦]བར་བྱེད་དོ་ཞེ་ན།

བསམ་གཏན་པ་ཡི་བསམ་གཏན་མཐུས། ས་ནི་གཤེར་བ་ཉིད་མི་རིརིགས། དེ་
ཅིའི་ཕྱིར་ཞེ་ན།
ངོ་བོ་ཉིད་ལ་འགྱུར་མེད་ཕྱིར། ཡང་ན་དེ་ཉིད་སྲ་མ་ཡིན།
བུ8---154


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*