ཤེས་པ་མེད་པར་བལྟ་བའི་བྱ་བ། མི་སྐྱེ་བའི་ཕྱིར་མིག་གིས་ཀྱང་མི་མཐོང་ངོ་
ཞེས་བྱ་བའི་ཐ་ཚིག་གོ།
ཆོས་མངོན་པ་ལས་མིག་གི་དབང་པོ་ནི་གོ་སྙོད་ཀྱི་མེ་
ཏོག་ལྟ་བུ་འམ་ཞོ་ག་ཆུ་ལྟ་བུ་ཡུལ་ཁ་དོག་གཟུགས་ད་ང་བའོ་ཞེས་དེའི་མཚན་ཉིད་
བསྟན་པ་དེ་ནི་ཁོ་བོ་ཅག་ཀྱང་ཀུན་རྫོབ་ཏུ་འདོད་དོ།
དོན་དམ་པར་ནི་མིག་གི་
དབང་པོ་ཡུལ་གྱི་ཁ་དོག་གཟུགས་དང་
བ་མ་ཡིན་ཏེ། བྱས་པ་ཉིད་ཀྱི་ཕྱིར་རོ་་
ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་[༢]དག་གིས་དཔེ་ཡང་པགས་པ་ད་ག་ལ་་
སོགས་པ་བཞིན་ན་ནོ།
དེའི་ཡུལ་ཁ་དོག་ད་གག་པ་བྱེད་པ་ནི། མིག་ནི་
གཟུགས་ཀྱི་ཡུལ་ཅན་མ
ིན[༢]། རང་གི་གཟུགས་ལ་མི་འཛིན་ཕྱིར། ཉན་ལ་་
སོགས་པའི་ད་བང་པོ་དང་།
གཟུགས་ཅན་ཡིན་ཕྱིར་རོ་སོགས་བཞིན། ཞེས་
བྱ་བ་ཡིན་ཏེ།
མིག་ནི་གཟུགས་ཀྱི་ཡུལ་ཅན་མིན། ཞེས་བྱ་བ་ནི་གང་ལ་ཡུལ་
གཟུགས་ཡོད་པ་དེ་ནི་གཟུགས་ཀྱི་ཡུལ་ཅན་ཞེས་བྱ་སྟེ།
མིག་ནི་གཟུགས་ཀྱི་ཡུལ་
ཅན་མ་ཡིན་ཏེ།
རང་གི་གཟུགས་ལ་མི་འཛིན་པའི་ཕྱིར་རྣ་བའི་དབང་པོ་ལ་་་་་་་
སོགས་པ་བཞིན་ན་ནམ།
གཟུགས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་
བཞིན་ན་ནོ།
གཟུགས་ནི་རེ་ཞིག་རང་གི་གཟུགས་དང་གཞན་གྱི་གཟུགས་ཞེས་བྱ་
བ་དེ་ཙམ་དུ་ཟད་ད་དེ།
དེ་ལ་རེ་ཞིག་མིག་དེས་རང་གི་གཟུགས་མི་མཐོང་བ་ནི་་
གྲགས་པ་ཉིད་ཡིན་ན་ནོ།
གཞན་གྱི་གཟུགས་ཀྱང་རི་དང་ར་བ་ལ་སོགས་པས་་་་
བསྒྲིབས་པ་ཚུ་
རོལ་ལམ། ད་བུས་སམ་ཕ་རོལ་གྱི་ཆས་བཅད་པའི་ཕྱོགས་གཅིག་
གྲོང་ཁྱེར་ལ་སོགས་པ་མཐོང་བ་བཞིན་དུ་མཐོང་བ་ནི་འདིས་མཐོང་ངོ་ཞེས་ཉེ་བར་
འདོགས་པ་ཙམ་དུ་ཟད་དེ།
ཉེ་བར་འདོགས་པ་ཙམ་གྱི་མཐོང་བ་ནི་དོན་ད་མ་
པར་དཔྱད་པ་ལ་ཚད་མར་མི་རུང་ང་ངོ་།
དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་།
མིག་ནི་གཟུགས་ལ་མི་ལྟ་ཞིང་། ཡིད་ཀྱིས[༤]ཆོས་ཉིད་མི་རྟོགས་ཏེ། གང་ལ་
བྱ་
8---168


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*