པའི་ཕྱིར་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེ་ན། བཤད་པ། བྱེད་པོ་ཉིད་རུང་ཆོས་
གཞན་དག མངོན་པར་འགྲུབ་ཕྱིར་དྲིལ་བུ་བུ་བཞིན། ཞེས་བྱ་བ་ནི་གཞན་མུ་
སྟེགས་ཅན་
གྱིས་ཡོངས་སུ་བརྟགས་པའི་བདག་མེད་དུ་ཟིན་ཀྱང་། སེམས་སྐད་
ཅིག་མ་ཉིད་ཐ་སྙད་དུ་བྱེད་པ་པོ་ཉིད་དུ་རུང་སྟེ།
ནང་ད་ང་ཕྱི་རོལ་གྱི་འདུ་
བྱེད་བདག་མེད་པ་དག་ལ་རྒྱུ་དང་རྐྱེན་སོ་སོར་ངེས་པར་ཚོགས་པའི་ད་བང་གིས་
ཆོས་གཞན་དག་མངོན་པར་འགྲུབ་པའི་ཕྱིར་དཔེར་ན་དྲིལ་བུ་སྒྲ་འབྱིན་པ་ད་ང་།

མར་མེ་དང་[༡]བར་བྱེད་པ་དང་། ཆུ་འབབ་པར་བྱེད་པ་དེ་བཞིན་དུ་སྟེ། དེའི་
ཕྱིར་ཁོ་བོ་ཅག་ནི་ཚོགས་པ་ལས་ཐ་སྙད་དུ་ལྟ་བ་ཁས་ལེན་གྱི་དོན་དམ་པར་ནི་དེ་
གང་ལ་ཡང་མི་གནས་ཏེ།
ཇི་སྐད་དུ། དེ་ནི་མིག་དང་གཟུགས་ལ་མེད།
དེ་གཉིས་བར་ན་འང་མི་གནས་ཏེ། གང་དུ་དེ་ནི་གནས་འགྱུར་བ། དེ་ཡོད་
མ་ཡིན་དེ་མེད་མིན།
ཞེས་བྱ་བ་ལ་སོགས་པ་གསུང་ས་པ་ལྟ་བུའོ། ཁ་ཅིག་་་
མིག་གི་འོད་ཟེར་ཡུལ་གྱི་ཕྱོགས་སུ་སོང་ནས་འཛིན་པར་བྱེད་དོ་སྙམ་དུ་སེམས་པ་་
དེ་ད་གག་པའི་ཕྱིར་བཤད་པ།
མིག་ནི་འོད་ཟེར་ལྡན་མི་རིརིགས། དབང་པོ་
ཡིན་ཕྱིར་ད་བང་གཞན་བཞིན།
ཞེས་བྱ་བ་ནི་མིག་ནི་འོད་ཟེར་དང་ལྡན་པར་མི་
རིགས་ཏེ།
དབང་པོ་ཡིན་པའི་ཕྱིར་དབང་པོ་གཞན་བཞིན་ཏེ། ཇི་ལྟར་རྣ་
བས་ཀྱང་སྒྲ་ཐག་རིང་པོ་ན་འདུག་པ་ཐོས་ལ།
ཡིད་ཀྱིས་ཀྱང་ཡུལ་ད་པག་ཚད་་
སྟོང་གིས་བསྐལ་པ་དག་ཀྱང་ཤེས་མོད་།
དེ་དག་འོད་ཟེར་དང་ལྡན་པ་མ་[༢]
ཡིན་པ་དེ་བཞིན་དུ་མིག་ཀྱང་དེ་དང་འདྲ་བས་དེ་འོད་ཟེར་དང་ལྡན་པར་མི་་་
རིགས་སོ།
གལ་ཏེ་དེ་ལྟར་མིག་གི་དབང་པོ་འོད་ཟེར་ད་ང་ལྡན་པ་མ་ཡིན་ན་འོ་
ན་ཇི་ལྟར་བྱི་ལ་ད་ང་འུག་པ་དག་མུན་ཁྲོད་ན་མིག་ད་ག་ལས་སྒྲོན་མ་ལྟར་འབར་བ་
འབྱུང་བར་སྣང་ཞེ་ན།
་དེའི་ཕྱིར་བཤད་པ། མཚན་མོ་རྒྱུ་བའི་མིག་འབྲས་་་་
གླ8---174


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*