གླང་ཉིད་ཀྱིས་བྱ་བ་ནི་གླང་གི་དངོས་པོ་སྟེ། རྟ་ལ་སོགས་པ་རིགས་མི་མཐུན་པ་
ད་ག་གིས་སྟོང་པ་ཉིད་ད་དོ།
གླང་ཉིད་ཅེས་བྱ་བ་དེ་གླང་གི་རྫས༐ཀྱི་མཐུན[༡]་པ་་
ཉིད་
ནོག་དང་ལྐོག་ཤལ་དང་མཇུག་མ་དང་། རྨིག་པ་དང་རྭ་ལ་སོགས་པ་ཡིན་
པར་མཚོན་པར་མི་འདོད་ད་དེ།
གལ་ཏེ་གླང་ཉིད་ཅེས་བྱ་བ་དང་གླང་གི་རྫས་
གཉིས་ཐ་དད་པ་ཡིན་ན་ཁྱད་པར་ཅན་གྱི་[༢]བློས་བརྟག་པར་བྱ་བ་ཡིན་པའི་ཕྱིཕྱིར།

དཔེར་ན་གླང་ཉིད་ཀྱིས་བོང་བུའི་མཚན་ཉིད་མཚོན་པར་མི་ནུས་པ་བཞིན་ནོ།
དེ་ལ་རང་གི་སྡེ་པ་དག་ན་རེ། མཚན་གཞི་ལས་མཚན་ཉིད་ཐ་དད་པ་མ་ཡིན་ཏེ།
དེ་མཚོན་པར་བྱ་བ་ཡིན་པའི་ཕྱིར་དཔེར་[༢]ན། སྐྱེས་བུ་ཆེན་པོ་ལས་སྐྱེས་བུ་ཆེན་
པོའི་མཚན་རྣམས་ཐ་དད་པ་མ་ཡིན་པ་བཞིན་ན་ནོ།
ཞེས་ཟེར་བ་དེ་དག་གི་ཕྱིར་
བཤད་པ།
གཅིག་ན་ཇི་ལྟར་མཚན་ཉིད་ཡི་ན། དེས་ནི་དེ་ཉིད་མི་མཚོན་ཕྱིར།
ཞེས་བྱ་བ་ནི་མཚན་གཞི་ད་ང་མཚན་ཉིད་གཅིག་པ་ཉིད་ཡིན་ན། མཚན་གཞི་ནི་
གང་།
མཚན་ཉིད་གང་ཞེས་ཐ་སྙད་གདགས་པ་ཡང་མེད་ད་དོ། ཡང་ན་མཚན་
གཞི་གཅིག་ཁོ་ནས་
སམ་མཚན་ཉིད་གཅིག་ཁོ་ནས་འགྲུབ་པས་གཉིས་སུ་སྨོས་པ་་་
ཟློས་པའི་སྐྱོན་དུ་
འགྱུར་རོ། བྱེ་བྲག་པ་དག་ནི་མཚན་གཞི་དང་མཚན་ཉིད་ཐ་
དད་པ་ཉིད་དུ་འདོད་ད་དེ།
འདིས་མཚོན་པར་བྱེད་པའི་ཕྱིར་མཚན་ཉིད་དོ་ཞེས་
ཟེར་བ་དེ་དག་གི་ཕྱིར་འདི་བརྗོད་པར་བྱ་སྟེ།
གཞན་ན་ཇི་ལྟར་མཚན་ཉིད་ཡི་ན།
གཞན་གྱིས་[༤]གཞན་ཉིད་མི་མཚོན་ཕྱིར། ཞེས་བྱ་བ་ནི་མཚན་གཞི་དང་མཚན་
ཉིད་ཐ་ད་ད་པ་
ཉིད་ཡིན་ལ། གལ་ཏེ་གཞན་གྱིས་གཞན་མཚོན་པར་གྱུར་ན་ལྐོག་
ཤལ་ལ་སོགས་པ་དག་གིས་ཀྱང་རྟ་མཚོན་པར་འགྱུར་བ་དང་།
མཚན་གཞི་མ་
སྐྱེས་པའམ་ཞིག་པ་
ན་ཡང་མཚན་ཉིད་ད་མིགས་པར་འགྱུར་བས་དེའི་ཕྱིར་དེ་ལྟར་
མཚན་གཞི་ལས་མཚན་ཉིད་གཅིག་པ་ཉིད་ཀྱང་མ་ཡིན་ལ་ཐ་དད་པ་ཉིད་ཀྱང་མ་
གླ་
8---186


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*