པའི་ཤེས་པའི་སྒྲོན་མ་མི་ཤེས་པའི་མུན་པ་དང་བྲལ་བ་སྐྱེས་པས་འདོད་ཆགས་ལ་
སོགས་པའི་འཆིང་བ་ལས་གྲོལ་བ་ནི་ཐར་པ་ཞེས་བྱ་བའོ་ཞེས་ཟེར་བ་དེ་དག་གི་
ཕྱིར་བཤད་པ།
མིང་དང་གཟུགས་ནི་དོན་ད་མ་དུ། འཁོར་བར་རིགས་[༡]པ་
མ་
ཡིན་ཏེ། འདུས་བྱས་ཡིན་ཕྱིར་ཕྱི་རོལ་གྱི།་།ས་ལ་སོགས་པ་མི་འདོད་་
བཞིན༑
ཞེས་བྱ་བ་ལ་མིང་ནི་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་ག་གོ།
གཟུགས་ནི་ལུས་དང་ད་བང་པོ་ཞེས་བྱ་བའི་ཚོགས་ས་སོ། དེ་ནི་དོན་དམ་པར་ན་
འཁོར་བར་[༢]འབྱུང་ཞིང་འགྲོ་བ་ད་ང་ཀུན་དུ་འགྲོ་བར་མི་རིགས་ཏེ།
 རྒྱུ་དང་
རྐྱེན་ད་ག་གིས་མངོན་པར་འདུས་བྱས་
པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་ས་ལ་
སོགས་པ་དག་འདུས་བྱས་ཡིན་པའི་ཕྱིར་འཁོར་བར་མི་འདོད་པ་བཞིན་ན་ནོ།
དེ་
ཐར་པ་ཡང་མི་འཐད་ད་དེ།
ཇི་ལྟར་ཞེ་ན། མིང་གཟུགས་དོན་ད་མ་ཉིད་དུ་ན།
ཇི་ལྟར་ཡང་ནི་ཐར་མི་འགྱུར། སྐྱེ་དང་ལྡན་ཕྱིར་འཇིག་པའི་ཕྱིཕྱིར། ཕྱི་རོལ་
ཆུ་ལ་སོགས་པ་བཞིན།
ཞེས་བྱ་བ་ནི་འདི་ལ་དེའི་རྒྱུན་ཐར་པར་བརྟག་གམ་
སྐད་ཅིག་མ་ཐར་པར་བརྟག་
གྲང་ན། དི་ལ་རེ་ཞིག་རྒྱུན་ནི་རྫས་སུ་ཡོད་པ་མ་
ཡིན་པ་ཉིད་ཀྱིས་ཆུའི་རླབས་འབྱུང་བ་དང་འགག་པ་བཞིན་ལ་སྐད་ཅིག་མ་ཡང་་་
བཅིངས་པ་ནི་བཅིངས་པའི་དུས་ཉིད་དུ་ཞིག་པའི་ཕྱིར་དང་།
དུས་ཕྱི་མར་
འབྱུང་བ་ཡང་བཅིངས་བཞིན་ཁོ་ནར་འབྱུང་བའི་ཕྱིར་ཐར་པར་ག་ལ་འགྱུར་ཏེ།

དེ་ལྟར་རེ་ཞིག་མིང་དང་གཟུགས་ལ་བཅིངས་པ་དང་ཐར་པ་དག་མི་འཐད་ད་དོ།
གནས་མ་བུའི་སྡེ་པ་དག་ནི་ཕུང་པོ་ད་ང་སྐྱེ་མཆེད་དང་ཁམས་རྣམས་ལས་གཞན་་་
པའི་གང་ཟག་འཁོར་བ་
དང་ཐར་པར་འདོད་པས་དེ་དགག་པའི་ཕྱིར་བཤད་པ།
གང་ཟག་ཡང་ད་ག་ཉིད་དུ་ནི། འཁོར་དང་ཐར་བར་མི་འགྱུར་ཏེ། གདགས་
བྱ་ཡིན་ཕྱིར་ཁང་པ་བཞིན།
བརྗོད་བྱ་ཡིན་ཕྱིར་དྲི་དང་འདྲ། ཞེས་བྱ་བ་ནི་
གླ་
8---196


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*