ཕྱིར༑ ཆགས་པ་ཉིད་བཞིན་ཞེས་བྱ་བ་ནི་འདོད་ཆགས་ནི་ཆགས་པ་ལས་
ལོགས་ཤིག་ན་ཡོད་པ་མ་ཡིན་ལ།
ཆགས་པ་ཡང་འདོད་ཆགས་ལས་ལོགས་ཤིག་
ན་ཡོད་པ་མ་ཡིན་པས་དཔེར་ན་ཆགས་པ་ཉིད་བཞིན་ཏེ།
འདོད་ཆགས་དང་
ཆགས་པ་གཉིས་ཐ་
དད་པ་མ་ཡིན་པའི་ཕྱིར་རོ། ཐ་ད་ད་ནའང་། དེས་ནི་མི་
ཆགས་གཞན་[༡]བཞིན་ན་ནོ།
ཞེས་བྱ་བ་ནི་གང་ད་ག་འདོད་ཆགས་ནི་ཆགས་པ་
ལས་ཐ་དད་པ་ཡིན་ཏེ།
དཔེར་ན་ལེབ་རྒན་རྩི་དང་གུར་གུམ་ལ་སོགས་པ་གོས་
པ་[༢]ཆགས་པ་བཞིན་དུ།
ཁ་དོག་ཡིད་འཕྲོག་པ་དང་། སྒྲ་སྙན་པ་དང་། དྲི་
ཞིམ་པ་དང་།
རོ་མངར་བ་དང་། རེག་བྱ་འཇམ་པ་ལ་སོགས་པ་ད་ག་ལ་
འདུན་པའི་འདོད་ཆགས་ཀྱི་སེམས་ཆགས་པར་འགྱུར་བར་འདོད་པ་དེ་ལ་ཡང་ཐ་
དད་པ་ཉིད་ཡིན་པར་འདྲ་བཞིན་དུ་གཟུགས་ལ་སོགས་པས་ནི་སེམས་ཆགས་པར་
འགྱུར་ལ།
གཟུགས་ལ་སོགས་པ་དག་ཉིད་ནི་གཅིག་ལ་གཅིག་ཆགས་པར་མི་
འགྱུར་བ་ད་ང་།
ཡུལ་ཡིད་དུ་མི་འོང་བ་ད་ག་གིས་ཀྱང་ཆགས་པར་མི་འགྱུར་བ་
འདི་ལ་གཏན་ཚིགས་ཀྱི་ཁྱད་པར་ཡང་དག་པར་བརྗོད་དགོས་ས་སོ།
གཞན་ཡང་
གལ་ཏེ་སེམས་ལས་ལོགས་ཤིག་ན་འདོད་ཆགས་ཞེས་བྱ་
བ་དམིགས་སུ་ཡོད་ཅིང་་་་
དེས་ཆགས་པ་ཉིད་དུ་འགྱུར་རོ་ཞེ་ན།
དེའི་ཕྱིར། དངོས་པོ་རྣམ་པར་རིག་་
པའི་སེམས།
འདོད་ཆགས་ལས་གཞན་ཡོད་མིན་ཏེ། དམིགས་པ་ལ་སོགས་
མཚུངས་ཕྱིར་དང་།
ཐ་ད་ད་རྒྱུ་གཞན་མེད་ཕྱིར་ར་རོ། ཞེས་བྱ་བ་[༢]སྨྲས་ཏེ།
རྣམ་པར་ཤེས་པའི་མཚན་ཉིད་ནི་གཟུགས་ལ་སོགས་པའི་དངོས་པོ་སོ་སོར་རྣམ་
པར་རིག་པ་ཡིན་ནོ།
དངོས་པོ་སོ་སོར་རྣམ་པར་རིག་པའི་རྣམ་པར་ཤེས་
པ་ལས་ལོགས་ཤིག་ན་འདོད་ཆགས་ཀྱི་མྱོང་བ་འགའ་ཡང་ཡོད་པ་མ་ཡིན་ཏེ།

གཟུགས་ལ་སོགས་པ་ལས་ལོགས་ཤིག་ན་ཡུལ་གཞན་འགའ་ཡང་ཡོད་པ་མ་ཡིན་
གླ་8---206


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*