སྐྱེ་བ་ནི་བདག་ལས་སྐྱེ་བ་ཡིན་པར་སེམས་ན་དེའི་ཕྱིར་བཤད་པ། འབྲས་བུ་
བདག་ཉིད་ཉིད་ཡོད་ན།
རྒྱུར་བརྟག་པ་ནི་དོན་མེད་འགྱུར། ཞེས་བྱ་བ་ནི།
རྒྱུ་ནི་འབྲས་བུ་བསྐྱེད་པ་ཡིན་པར་འདོད་ན། གལ་ཏེ་འབྲས་བུ་ཉིད་ཡོད་པ་ཉིད་
ཡིན་ན་རྒྱུར་བརྟག་པས་ཅི་ཞིག་བྱ།
སྐྱོན་ཆེན་པོ་གཞན་འདི་ཡང་ཡོད་ད་དེ། དེ་
ཉིད་ལས་ནི་དེ་སྐྱེ་ན།
སྐྱེད་དང་བསྐྱེད་བྱ་གཅིག་ཏུ་འགྱུར། ཞེས་བྱ་བ་ནི་རྒྱུ་
ད་ང་འབྲས་བུ་གཉིས་ཞེས་བྱ་བའི་ཐ་ཚིག་ག་གོ།
གལ་ཏེ་འདི་སྙམ་དུ་བད་ག་ལས་
སྐྱེ་བ་ཁོ་ན་ཡང་ཡིན་ལ།
སྐྱེད་པ་ད་ང་བསྐྱེད་པར་བྱ་བ་གཉིས་གཅིག་པ་ཉིད་དུ་
ཡང་མི་འགྱུར་བ་ཁོ་
བོས་སྟོན་པར་ནུས་ཏེ། ད་པེར་ན་འོ་མ་ཞེས་བྱ་བའི་རྫས་ཇི་
ལྟར་གནས་པའི་ཆོས་གཞན་འགག་པ་ན་ཞོ་ཞེས་བྱ་བའི་ཆོས་གཞན་སྐྱེ་ཞིང་དེ་ལ་་
རྒྱུ་དང་འབྲས་བུའི་ཐ་སྙད་རྣམ་པར་གཞག་[༡]པ་ཡང་ཡོད་པ་བཞིན་ནོ་སྙམ་དུ་
སེམས་ན་བཤད་པ།
གལ་ཏེ་འོ་མ་ཞོ་ཉིད་ད་དུ། གནས་པས་གནོད་པ་མེད་
སྙམ་ན།
ཕ་ནི་བུ་ཉིད་མི་འགྱུར་བས། གནོད་པ་མེད་པ་མ་ཡིན་ན་ནོ། ཞེས་
བྱ་བ་ནི་འདི་ལྟར་ཕས་ཕའི་དངོས་པོ་ཉིད་ཡོངས་སུ་བཏང་ནས་བུའི་ངོ་བོ་ཉིད་དུ་[༢]
འགྱུར་བ་ནི་སུས་ཀྱང་གང་དུ་ཇི་ལྟར་ཡང་མ་མཐོང་བས།
དེའི་ཕྱིར་ཁྱོད་ཀྱིས་་་་
སྐྱེད་[༢]པ་དང་
བསྐྱེད་པར་བྱ་བ་གཉིས་གཅིག་པ་ཉིད་དུ་འགྱུར་བའི་སྐྱོན་བཟློག་་་་
པར་དཀའོ།
འདིར་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་བདག་ཉིད་ཡོད་
པའི་ཕྱིར་ཞེས་བྱ་བ་དང་།
དངོས་པོ་ཡིན་པའི་ཕྱིར་ཞེས་བྱ་བ་དག་སྐྱེ་བ་མེད་་
པའི་གཏན་ཚིགས་སུ་བཞག་པ་ད་ག་ནི་སྐྱེ་བ་མེད་པའི་མི་མཐུན་
པའི་ཕྱོགས་སྐྱེ་བ་་
ཅན་དག་སྒྲུབ་པའི་གཏན་ཚིགས་ཡིན་གྱི།
སྐྱེ་བ་མེད་པ་སྒྲུབ་པའི་གཏན་ཚིགས་
སུ་མི་རུང་ངོ་ཞེས་ཕྱིར་ཟློག་པར་བྱེད་ད་དེ།
འདི་ལྟར་བདག་ཉིད་ཡོད་པ་ཉིད་ད་དང་།
དངོས་པོ་ཉིད་ཅེས་བྱ་བ་ནི་བུམ་པ་ལ་སོགས་པའི་དངོས་པོ་སྐྱེས་པ་དག་ལ་ཡོད་།
གླ8---230


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*