བཅས་པའོ། དམན་པ་ནི་ཤིན་ཏུ་སྨད པ་དང་གཞན་དག་ཀྱང་ངོ་། འབྲིང་
ནི་དེ་བས་མཐོ་བར་གྱུར་པའོ།
མཆོག་ནི་ད་མ་པ་དང་མཆོག་ད་ང་གྱ་ནོམ་པའོ།
ཐེག་པ་གསུམ་ལ་ཞུགས་པར་གྱུར་པ་ནི་ཡང་དག་པའི་གྱ་ནོམ་པའོ། སྲིད་པ་ལ་
མངོན་པར་ད་གའ་བ་ནི་ཕྱིན་ཅི་ལོག་གི་གྱ་ནོམ་པའོ།
སེམས་ཅན་དེ་རྣམས་ཡུལ་
གང་ལ་ཇི་ལྟར་དུས་ཇི་སྲིད་དུ་ཞུགས་པའི་སེམས་ཆུང་ངུ་དང་ཡང་ས་པ་དང་ཆེན་་
པོར་གཏོགས་པ་ད་ང་།
ཚད་མེད་པའི་དབྱེ་བས་སེམས་ཇི་ལྟ་བར་སྐྱེ་བར་གྱུར་པ་
དེ་
ཐམས་ཅད་རྟེན་དང་བརྟེན་པའི་བྱེ་བྲག་དང་ཞུགས་པར་གྱུར་པའི་བྱེ་བྲག་མང་
པོ་དག་སྐད་ཅིག་ལ་ཤེས་པར་འགྱུར་རོ།
འདིས་ནི་གཞན་གྱི་སེམས་ཤེས་པའི་་་
མངོན་པར་ཤེས་པ་བསྟན་ཏོ།
ལྷའི་མིག་ནི་རྣམ་པ་གཉིས་ཏེ། འཆི་འཕོ་བ་
ད་ང་།
སྐྱེ་བའི་ཡུལ་ཅན་དང་། གཟུགས་ཀྱི་ཡུལ་ཅན་ནོ། དེ་ལ་ཤའི་མིག་
དག་པ་ནི་ཕྲ་མོ་དང་བསྒྲིབས་པ་དང་།
རིང་བ་ད་ག་ལ་ཐོགས་པ་མེད་པར་
འཇུག་ཅིང་འབྱུང་བའི་ཕྱིར་གཟུགས་ཀྱི་ཡུལ་ཅན་ཞེས་བྱ་སྟེ།
དེས་རིག་པ་དེ་
བསྟན་པའི་ཕྱིཕྱིར།
ལྷ་ད་ང་སྤྲུལ་པ་ཕྲ་མོ་དང་། དེ་ལས་བཟློག་པར་གྱུར་པ་་
དག
ཀུན་དུ་གཟུགས་ནི་ཐམས་ཅད་ཀྱང་། ལྷ་ཡི་མིག་གིས་དེ་དག་མཐོང་།
བྱང་ཆུབ་སེམས་དཔའི་ལྷའི་མིག་གང་ཡིན་པ་དེ་ནི་ལྷ་རྣམས་ཀྱིས་མི་ཤིས་སོ།
གང་ཡང་ལྷ་རྣམས་ཀྱི་ལྷའི་མིག་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་ཏེ།
ལྷའི་གནས་ཀྱི་གཟུགས་རྣམས་ཀྱང་མཐོང་ང་ངོ་། སྤྲུལ་པ་ནི་དེ་བཞིན་གཤེགས་པ་
དང་དགྲ་བཅོམ་པ་རྣམས་
ཀྱིའོ། ཕྲ་མོ་ནི་རྡུལ་ཕྲ་རབ་ལ་སོགས་པའོ། དེ་
ལས་བཟློག་པ་ནི་ལྷ་ལ་སོགས་པ་ལས་བཟློག་པ་སྟེ།
མི་དང་། ལྷ་མ་ཡིན་དང་།
དམྱལ་བ་དང་། ཡི་དྭགས་ལ་སོགས་པ་འཇིག་རྟེན་གྱི་གནས་སོ། མ་སྤྲུལ་པ་
ནི་རྒྱུ་དང་རྐྱེན་ལས་ཡང་དག་པར་བྱུང་བའོ། རགས་པ་ནི་ལྷུན་པོ་ལ་སོགས་པ་
གླ་
8---338


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*