འཕྲུལ་གྱི་རྐང་པ་གོམས་པར་བྱས་པ་མཐར་ཕྱིན་པར་གྱུར་པས་ས་བཅུའི་དབང་
ཕྱུག་ད་པའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གནས་པས་གང་གཱའི་ཀླུང་
གི་བྱེ་མ་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་
ནམས་སུ་སངས་རྒྱས་མཐོང་་་་་
བས་གདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་སྤྲུལ་པ་སྤྲུལ་ཏེ།
གང་དགའ་
ལྡན་གྱི་གནས་ན་གནས་པ་དང་།
འཕོ་བ་དང་། བལྟམས་པ་དང་། བཟོའི་
གནས་ཡང་དག་པར་བསྟན་པ་དང་།
བཙུན་མོའི་འཁོར་ན་བཞུགས་པ་ད་ང་།
མངོན་པར་འབྱུང་བ་དང་། ད་ཀའ་བ་སྤྱོད་པ་དང་། བདུད་འདུལ་བ་ད་ང་།
མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་
མྱ་ངན་ལས་འདས་པ་ཆེན་པོ་དང་།
ད་མ་པའི་ཆོས་གནས་པ་ལ་སོགས་པ་སྐལ་
བ་ད་ང་ལྡན་པའི་གདུལ་བྱ་རྣམས་ལ་སྟོན་པར་མཛད་ད་དོ།
ཡང་གང་དག་དེ་
བཞིན་གཤེགས་པ་
རྣམས་ལ་མཆོད་པར་འདོད་པ་དེ་དག་ལ་ནི། རང་གི་འདོད་
པས་དཔག་མེད་པའི།
འཇིག་རྟེན་ཁམས་ཀྱི་རྡུལ་མཉམ་པ། སངས་རྒྱས་
ཞིང་ཡང་
དེ་སྙེད་དུ། སེམས་ཅན་རྣམས་ཀྱང་དེ་སྙེད་ཀྱི།གདུལ་བྱ་ཐབས་
ཀྱིས་སྤྲུལ་པ་ནི།
རང་གི་ཞིང་ནས་མ་གཡོས་པ་ར། རང་གི་འདོད་པར་ལུས་
སྤྲུལ་པ།
རེ་རེ་ལས་ཀྱང་དེ་སྙེད་ལག དེ་སྙེད་པ་ཡི་མགོ་ལས་ལས་ལྕེ། སོ་སོ་
ཀུན་ནས་དེ་སྙེད་སྙེད་སྤྲོ།
རང་གི་ཞིང་ནས་མ་གཡོས་བཞིན་དུ་དཔག་ཏུ་མེད་པའི་
འཇིག་རྟེན་གྱི་ཁམས་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་
རྣམས་ན[༡]།
སེམས་ཅན་དེ་སྙེད་ཡོད་པ་རྣམས་གདུལ་བྱ་ཐབས་ཀྱིས་[༢]སྤྲུལ་པའི་
ལུས༑
རང་གི་འདོད་པར་སྤྲུལ་པ་རེ་རེ་ལས་ཀྱང་གྲངས་དེ་སྙེད་ཀྱི་ལག་པ་ད་ང་
དེ་སྙེད་ཀྱི་མགོ་དང་མགོ་སོ་སོ་རེ་རེ་ལ་ཡང་དེ་སྙེད་ཀྱི་ལྕེ་སྤྲུལ་ཏོ།
ལག་པ་དེ་་་་
དག་གིས་གཟུང་[༢]བའི།
མེ་ཏོག་དྲིས་[༤]བཀང་སྣ་ཚོགས་པ། གང་གཱའི་ཀླུང་
68---341


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*