ཕན་ཚུན་བཏགས་པ་ཡིན་ནོ། ཡང་སྡུག་བསྔལ་ནི་དོན་དམ་པར་ར་རོ། སེམས་
ལས་བྱུང་བ་ནི་ལམ་མ་ཡིན་ན་ནོ།
དུས་མ་ཡིན་པར་འཆི་བ་ནི་མེད་ད་དོ། སྐྱེས་
བུ་བྱེད་པ་ཡང་མེད་ད་དོ།
སྡུག་བསྔལ་ཐམས་ཅད་ནི་ལས་ལས་བྱུང་བ་ཡིན་ནོ་
ཞེས་བྱ་བ་དེ་ལྟ་བུ་ནི་བཏགས་པར་སྨྲ་བ་
ནམས་ཀྱི་རྩ་བའི་ད་མ་ཚིག་ཡིན་ནོ།
ཡང་བ་ལང་གནས་པ་རྣམས་ཀྱི་བྱེ་བྲག་ལས་གནས་བརྟན་མཆོད་རྟེན་པ་ཞེས་བྱ་སྟེ།
དེ་ནི་ལྷ་ཆེན་པོ་ཞེས་བྱ་བའི་ཀུན་དུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་གྱི་རི་
ལ་གནས་པ་ཡིན་ཏེ།
ཡང་དེ་ནི་དགེ་འདུན་ཕལ་ཆེན་པའི་གཞི་འདོད་པར་གྱུར་
པ་ནི་མཆོད་རྟེན་པ་ཞེས་བྱ་བའི་སྡེ་པར་རྣམ་པར་གཞག་[༡]སྟེ།
དེ་དག་ནི་དགེ་་
འདུན་ཕལ་ཆེན་པ་རྣམས་ཀྱི་སྡེ་པ་དྲུག་ཏུ་བཞག་པ་ཡིན་ན་ནོ།
ཡང་གནས་བརྟན་
པ་ཡང་རྣམ་པ་གཉིས་ཏེ།
སྔར་གྱི་གནས་བརྟན་པ་ད་ང་གངས་རི་[༢]པ་ཞེས་བྱའོ།
སྔར་གྱི་གནས་བརྟན་པའི་རྩ་བའི་ད་མ་ཚིག་ནི་ད་གྲ་བཅོམ་པ་རྣམས་ལ་གཞན་གྱིས་
སྟོན་ཅིང་སྒྲུབ་པ་ནི་མེད་ད་དོ།
དེ་བཞིན་དུ་གཞི་ལྔ་པོ་ཡང་མེད་ད་དོ། གང་ཟག་
ནི་ཡོད་ད་དོ།
སྲིད་པ་བར་མ་ནི་ཡོད་དོ། དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་
འདས་པ་ནི་
ཡོད་དོ། འདས་པ་དང་མ་འོངས་པ་ཡང་ཡོད་ད་དོ། མྱ་ངན་ལས་
འདས་པའི་དོན་ནི་ཡོད་དོ་ཞེས་བྱ་
བ་ད་ག་ནི་གནས་བརྟན་པའི་རྩ་བའི་དམ་ཚིག་གོ།
དེ་ལ་གངས་རི་པའི་རྩ་བའི་དག་ཚིག་ནི་བྱང་ཆུབ་སེམས་ད་པའ་[༢]རྣམས་ནི་སོ་སོའི་
སྐྱེ་བོ་མ་ཡིན་ཞེས་བྱའོ།
ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ནི་ཡོད་ད་དོ།
ཕུང་པོ་ལས་གང་ཟག་ནི་གཞན་ཡིན་པར་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་
པར་འགྱུར་བ་ན།
གང་དུ་ཕུང་པོ་འགགས་པ་ན་གང་ཟག་ནི་གནས་པའི་ཕྱིར་ར་རོ།
མཉམ་པར་གཞག་[༤]པ་ལ་ངག་འཇུག་པ་ནི་ཡོད་ད་དོ། ལམ་གྱི་སྡུག་བསྔལ་ནི་སྤོང་
ངོ་ཞེས་བྱ་བ་དེ་ད་ག་ནི་གངས་རི་
པའི་ད་མ་ཚིག་ཡིན་ནོ། ཡང་དང་པོའི་གནས་
གླ་8---368


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*