དམིགས་ན་ཡང་སེམས་ཙམ་དུ་ཡང་ད་མིགས་པར་མི་འགྱུར་བར་འདོད་ན་ནི་་
ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བྱ་བའི་ལུང་ཡང་ཉམས་པར་་
འགྱུར་རོ།
གཞན་ཡང་འགྲོ་བ་སེམས་ཙམ་མོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ནི་
གང་ཡིན། འདི་ལ་ད་པེ་ནི་གང་ཡོད། གཏན་ཚིགས་ད་ང་དཔེ་སྐྱོན་མེད་པ་
འདི་ལ་ཡོད་པ་མ་ཡིན་
པས་འདི་དམ་བཅའ་བ་ཙམ་དུ་ཟད་དེ། དམ་བཅའ་བ་
ཙམ་གྱིས་ནི་འདོད་པའི་དོན་གང་ཡང་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཉན་
ཐོས་ཀྱི་
ཛེག་པ་པས་ཉེ་བར་སྦྱར་བའི་ཕྱོགས་སྔ་མ་ཡིན་ནོ། དེ་ལ་སྔར་སྨྲས་
རིགས་པ་ནི།
རང་གི་ཕྱོགས་ཉམས་དོགས་པས་གཞན། མི་འདོད་གྱུར་པ་
གང་སྨྲ་བ།
དེ་ནི་རིགས་[༡]པ་མ་ཡིན་ནོ། དེ་ལ་ཞེས་བྱ་བ་ནི་ཕྱོགས་ཀྱི་[༢]ཕྱི་མ་
ཉེ་བར་དགོད་པའི་ཐ་ཚིག་ག་གོ།
ས་ལ་སོགས་པ་ནི་འབྱུང་བ་རང་གི་ངོ་བོར་མི་
འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་སྔར་གྱི་རིགས་[༢]པ་དང་།
རང་གི་སྡེ་སྣོད་
གསུམ་གྱི་ལུགས་ཉམས་
པར་དོགས་[༤]པས་གཞན་ཏེ་ཉན་ཐོས་ཀྱི་ཐོག་པ་པའོ།
མི་འདོད་གྱུར་པ་ནི་མི་བཟོད་པར་གྱུར་པའོ། གང་སྨྲ་བ་སྟེ། སྐྱོན་ཉེ་བར་
སྟོན་པར་གྱུར་པའོ།
དེ་ནི་རིགས་པ་མ་ཡིན་ཞེས་བྱ་བ་ནི་འཆད་པར་འགྱུར་
བའི་ལན་དག་གིས་སྐྱོན་དང་བཅས་པར་སྟོན་པ་ཡིན་ནོ་ཞེས་བྱ་བའི་བསམ་པས་སོ།
ཕྱོགས་སྔ་མས་དོན་གྱིས་ཚད་མས་འདི་སྨྲས་ས་སོ། སྟོན་པ་ནི་རྣམ་པར་མི་རྟོག་[༢]
པའི་བློ་མངའ་བ་སྟེ།
འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཕྱིཕྱིར།
རང་སངས་རྒྱས་ལ་སོགས་པའི་བློ་བཞིན་ནོ་ཞེས་བྱ་བ་འདིའི་ལན། སྟོན་པ་རྣམ་
པར་མི་རྟོག་བློ།
བདག་མེད་པ་ལ་དམིགས་པར་འདོད་། ཡུལ་ཅན་གྱི་ནི་
བློ་མིན་[༦]ཕྱིར།
གང་ཟག་བད་ག་མེད་པ་བཞིན་ན་ནོ། ཞེས་སྨྲས་སོ། བཅོམ་
ལྡན་འདས་ཀྱིས་གང་ཟག་ལ་བདག་མེད་པ་ཡོངས་སུ་མཁྱེན་པས་གང་ཟག་གི་རྣམ་
གླ་
8---384


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*