དེ༑ ཇི་ལྟར་སྔར་བསྒྲུབས་པ་བཞིན་ན་ནོ། གང་སངས་རྒྱས་ཀྱི་བཀའ་ད་ང་མི་
འགལ་བའི་ལེགས་པར་སྨྲས་པའི་རིག་བྱེད་ནི་གཟུང་བར་བྱ་བ་ཡིན་ལ་ཉེས་པར་
སྨྲས་པ་ནི་གཟུང་བར་བྱ་བ་མ་ཡིན་ཏེ།
ཐེ་ཚོམ་ཟ་ན་ཡོངས་སུ་དཔྱོད་ཅིང་དེ་ལྟ་
བས་ན་རིགས་པ་ནི་གཟུང་བར་བྱ་[༢]ལ།
མི་རིགས་པ་ནི་གཟུང་བར་བྱ་བ་མ་་
ཡིན་ན་ནོ།
གང་ཡང་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པས་ཐེག་པ་ཆེན་པོ་པ་
ནི་མེད་པར་ལྟ་བ་ད་ང་འདྲའོ་ཞེས་ཟེར་བ་དེ་ལ་ལན་གདབ་པར་བྱ།
ཡོད་དང་
མེད་པའི་རྟོག་བྲལ་ཞིང་།
ཤེས་རབ་སྤྱོད་པས་གནས་པ་ལ། རྒྱུ་དང་འབྲས་
བུ་སྐུར་འདེབས་པའི།
ལྟ་བ་གང་ཡོད་འདོད་པ་གང་། ཞེས་བྱ་བ་གསུངས་
ཏེ༑
གལ་ཏེ་བདག་ཅག་ཡོད་པའི་ཕྱོགས་སྤངས་ཏེ་མེད་པའི་ཕྱོགས་ལེན་པར་
བྱེད་ན་ནི་མེད་པ་པ་ཉིད་ཡིན་ན་འདི་ལྟར་བདག་ཅག་ཡོད་པ་ད་ང་མེད་པའི་་་་
མཐའ་གཉིས་ཀ་བཏང་ནས་དབུ་མར་སྒྲུབ་[༢]པར་
བཟུང་བ་ལ་དངོས་པོ་ཡོད་པ་མ་
ཡིན་ཏེ།
དེ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ན་དེ་ལ་ཇི་ལྟར་ན་བད་ག་ཅག་
མེད་པར་ལྟ་བ་པ་ཡིན་ནོ་ཞེས་སྒྲོ་འདོགས་པར་བྱེད།
གང་གི་ཕྱིར་ཤེས་རབ་ལ་་
སྤྱོད་་པས་ཡོད་པ་དང་མེད་པའི་རྟོག་པ་དང་བྲལ་བར་བྱེད་པ་དེ་ནི་ཡོད་པ་[༤]དང་
མེད་པའི་རྟོག་པ་དང་བྲལ་ཞིང་ཤེས་རབ་
སྤྱོད་པ་སྟེ། གང་དག་ལ་ངང་ཚུལ་འདི་
རྣམས་ཡོད་པ་དེ་ནི་ཡོད་པའི་རྟོག་པ་དང་བྲལ་ཞིང་ཤེས་རབ་སྤྱོད་པས་གནས་པ་
ལའོ༑
དེ་ད་ག་ནི་ཡོད་པ་དང་མེད་པ་དང་གཉི་གའི་མཐའ་སྤངས་པས་ལྟ་་་་
བ་ལ་མངོན་པར་ཞེན་ཅིང་དངོས་པོ་ཅི་ཞིག་མངོན་པར་འཛིན་པ་སྐྱེ་བར་
འགྱུར་ཏེ།
སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་མངོན་པར་སྤངས་པ་ལ་དོན་དམ་
པ་ཉིད་དུ་རྒྱུ་ད་ང་འབྲས་བུ་ལ་སྐུར་
པ་འདེབས་པའི་ལྟ་བ་འདི་ལྟ་བུ་ཡོད་པ་མ་ཡིན་
ནོ༑
ཀུན་རྫོབ་ཏུ་ནི། རྒྱུ་ད་ང་འབྲས་བུ་འབྲེལ་པ་དག འཇིག་རྟེན་
གླ་
8---470


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*