བྱ་གང་ཡིན་འཇལ་བྱེད་པ། དེས་ན་དེ་ནི་ཚད་མར་འདོད། ཅེས་བྱ་བ་སྨྲས་ཏེ།
འདི་ལ་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་པར་འཛིན་པར་སྐྱེ་
བཞིན་པ་ཉིད་ཀྱིས་ཡུལ་རྣམ་པར་རྟོག་[༢]པར་བྱེད་པའི་ཕྱིར།
ཤེས་པ་སྐྱེ་བཞིན་
པ་ཉིད་གང་ཡིན་པ་དེ་ཚད་མ་ཡིན་པར་འདོད་ད་དོ།
དེ་སྐྱེས་པ་ན་མཐོང་བའི་
ཕྱིཕྱིར༑
དེ་གྲུབ་པ་ནི་འབྲས་བུར་འདོད། ཅེས་བྱ་བ་ནི་རྣམ་པར་ཤེས་པ་དེ་
སྐྱེས་པ་
ན་ཡུལ་མཐོང་བའི་ཕྱིར་ཤེས་པ་དེས་མངོན་པར་གྲུབ་པ་ནི་འབྲས་བུ་ཡིན་
པས་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཉིད་ལ་ཚད་མ་ད་ང་འབྲས་བུ་གཉིས་ཡོད་
པར་འདོད་དེ།
དཔེར་ན་ཤིང་ལ་སྟ་རེས་གཟས་པ་ད་ང་བཏབ་པའི་རྐྱེན་གྱིས་[༢]
གཉིས་སུ་གཅོད་པར་བྱེད་པ་ཉིད་དང་།
དེ་དུམ་བུ་གཉིས་སུ་ཆད་པར་གྱུར་པ་་
ཉིད་བཞིན་ནོ།
བསྟན་དུ་མེད་པའི་ངོ་བོ་ཉིད། དེ་བཞིན་རྟོག་པ་གང་ཐོབ་པ།
ཞེས་བྱ་བ་ནི་མངོན་སུམ་གྱི་ཤེས་པ་དངོས་པོའི་རང་གི་མཚན་ཉིད་ཙམ་ལ་དམིགས་
པ་རྟོག་[༤]པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་བྲལ་བ་ས།
གཟུགས་ལ་
སོགས་པ་སྔོན་པོ་ལ་སོགས་པ
འི་བདག་ཉིད་ད་དུ༐བསྟན་དུ་[༥]མེད་པའི་ངོ་བོ་ཉིད་ལ།
དེ་བཞིན་དུ་མེད་པའི་ངོ་བོ་ཉིད་ཁོ་ན་བཞིན་དུ་རང་རིག་པའི་རྣམ་པས་རྟོགས་་་་་་་
པར་བྱེད་པ་གང་གི་ཕྱིར་དེའི་ཕྱིར་ཡུལ་ཉིད་དུ་སྣང་བའི་རྣམ་པར་ཤེས་པ་གཅིག་་
པུ་ཁོ་ན་ལ་ཚད་མ་དང་འབྲས་བུ་གཉི་ག་ཡོད་པའི་ཕྱིར་གཏན་ཚིགས་
ཀྱི་དོན་མ་
གྲུབ་པས་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བར་རྟོགས་[༦]པ་ནི་དགོས་པ་མེད་ད་དོ།

ཡང་ཕ་རོལ་པོ་དག་གི་བསམ་པ་གཞན་བསལ་བའི་ཕྱིར་བཤད་པ། གལ་ཏེ་སྨྲ་
འདོད་བསྒྲུབ་བྱ་བ།
ཕྱི་དོན་སེམས་ཀྱི་དངོས་ཉིད་ད་དེ། རྣམ་པར་ཤེས་པའི་ཡུལ་
ཡིན་ཕྱིར།
དཔེར་ན་དེ་མ་ཐག་བཞིན་ན་ནོ། ཞེས་བྱ་བ་འདི་ལ་ཕྱི་རོལ་གྱི་དོན་ནི་
ཆོས་ཅན་ན་ནོ།
དེ་སེམས་ཀྱི་ངོ་བོ་ཉིད་ཡིན་པར་སྒྲུབ་[༧]པ་ནི་དེའི་ཆོས་ས་སོ། རྣམ་་་་
གླ8---ཏྲ04


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*