གང་ཡིན་པ་དེ་དངོས་པོའི་རང་གི་ངོ་བོ་ཉིད་ཡིན་པར་བརྗོད་ཅིང་དངོས་པོ་མེད་
པར་མི་བརྗོད་ན་ནི་དེས་ན་བློ་དེས་བརྟག་པར་བྱ་བ་ཉིད་དང་།
ཚིག་གིས་
བརྗོད་པར་བྱ་བ་ཉིད་ཡིན་
པར་རིགས་པར་འགྱུར་བ་ཞིག་ན། ཁྱེད་ཅག་ད་ངོས་
པོ་མ་བཟུང་བར་ཡང་[༡]གཞན་སེལ་བའི་དེ་འཛིན་པའི་ཕྱིར་གཞན་སེལ་བ་དེ་
དངོས་པོ་ལས་གཞན་སེལ་བར་རྟོགས་པས།
བརྟག་པར་བྱ་བ་དང་བརྗོད་པར་
བྱ་བ་ཡིན་པར་མི་འདོད་ད་དེ།
དེ་ད་ག་ཡིན་པར་སྒྲུབ་[༢]པར་དཀའོ། འདིར་
ཁ་ཅིག་འདི་སྐད་ཅེས་
གཞན་སེལ་བ་དེའི་སྒོ་ནས་དངོས་པོ་བརྟག་པར་བྱ་བ་ད་ང་།
བརྗོད་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེ་ལ་བཤད་པ། དེ་ཡི་སྒོ་
ནས་གཞན་བརྗོད་ན།
དེ་ནི་བརྗོད་བྱ་ཉིད་སོགས་ཉམས། ཞེས་བྱ་བ་ནི་
གཞན་སེལ་བ་དེའི་སྒོ་ནས་སྤྱི་ད་ང་ལྡན་པའི་དངོས་པོ་ཅིག་ཅར་འཛིན་
ན་དངོས་
པོ་ཉིད་བརྟག་པར་བྱ་བ་ད་ང་།
བརྗོད་པར་བྱ་བ་ཉིད་ཡིན་པར་འགྱུར་གྱི།
གཞན་སེལ་བའི་སྤྱི་དེ་ནི་བརྗོད་པར་བྱ་བ་ཉིད་ད་དང་། བརྟག་[༢]པར་བྱ་བ་
ཉིད༐
མ་ཡིན་པར་[༤]ཉམས་པས་ཁྱེད་ཀྱི་རྗེས་སུ་དཔག་པའི་དམ་བཅས་པ་མ་གྲུབ་བོ།
གཞན་ཡང་། དེ་ནི་གཞན་གྱི་ངོ་བོ་ན། དེས་ན་བརྗོད་མེད་ཉིད་མི་རིརིགས།
དེ་ཕྱིར་རྣལ་འབྱོར་སྤྱོད་པ་ཡི། ཚུལ་གྱི་[༥]སྨྲ་བ་མི་རིགས་ས་སོ། ཞེས་བྱ་བ་ནི་
གཞན་སེལ་བ་དེ་དངོས་པོ་ལས་གཞན་པའི་ངོ་བོ་ཉིད་ཡིན་ན་གང་ད་ངོས་པོ་ལས་་
གཞན་པ་དེ་ལ་ནི་དེ་བཞིན་དུ་བློ་ཡང་ཐ་དད་པ་ལ།
མངོན་པར་བརྗོད་པ་ཡང་
ཐ་དད་པར་འགྱུར་བས་དེས་ན་གཞན་སེལ་བ་དེ་བརྗོད་དུ་མེད་པ་ཉིད་ཡིན་པར་་
མི་རིགས་སོ།
དེ་ལྟར་ཇི་སྐད་བསྟན་པའི་རིགས་པ་ད་ག་གིས་ཡོངས་སུ་བརྟགས་
པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ཚུལ་གྱིས་སྨྲས་པའི་གཞན་སེལ་བ་སྤྱི་ཡིན་པར་་་་
འདོད་པ་ལ་སོགས་པ་དག་མ་གྲུབ་པས་དེ་ད་ག་གི་གྲུབ་པའི་མཐས་
བརྟགས་པ་དེ་་
58---་ཏྲ་30


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*