གང་དག་གི་ཚངས་པར་སྤྱོད་པ་དང་ལྟ་བ་མཐུན་[༡]པ་དེ་དག་ནི་ཚངས་པ་མཚུངས་
པར་སྤྱོད་པ་རྣམས་ཏེ།
འདི་ལྟ་སྟེ། ཆེག་པ་མཆོག་གི་འགྲོ་བ་རྣམས་སོ།
དེ་རྣམས་ལས་ཁ་ཅིག་གིས་ཞེས་བྱ་བ་ནི་རྣམ་པར་སྤྲོས་ནས་གོ་བ་དག་གིས་ཏེ།
མགོ་སྨོས་པས་གོ་བ་དག་གིས་ནི་མ་ཡིན་ན་ནོ། མི་རྟོག་པས་ཞེས་བྱ་བ་ནི་གང་དག་
རྗེས་སུ་ད་པག་པ་དང་།
སུན་དབྱུང་བ་དག་མ་བསྟན་པར་རང་གིས་[༢]ཉེ་བར་
སྦྱོར་མི་ནུས་པ་དག་གིས་ས་སོ།
དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་[༢]འདོད་
ནས་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རིགས་པ་མེད་པར་ལུང་ཙམ་གྱིས་ནི་འདོད་
པའི་དངོས་པོ་མི་འགྲུབ་སྟེ།
སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས།
གལ་ཏེ་ཡོད་པའི་ཚིག་ཙམ་གྱིས། ད་ངོས་པོ་ཡོད་པར་འགྱུར་[༤]ན་ན་ནི། མེད་
ཅེས་བྱ་བའི་ཚིག་ཙམ་གྱིས།
ཅི་[༥]ཕྱིར་མེད་པར་འགྱུར་བ་མིན། དེའི་ཕྱིར།
དོན་གང་ལུང་དང་རིགས་པ་ཡིས། ལེགས་པར་མངོན་པར་བརྗོད་པ་དང་།
སྔ་ཕྱི་[༦]འགལ་བ་མེད་པ་དེ། དམ་པ་རྣམས་ཀྱིས་ཡོངས་སུ་གཟུང[༡]། ཞེས་ཇི་
སྐད་གསུངས་པ་ལྟ་བུ་སྟེ།
དེའི་ཕྱིར་རྣམ་པར་སྤྲོས་ན་གོ་བ་རྗེས་སུ་དཔག་པ་དང་
སུན་དབྱུང་བ་ཉེ་བར་སྦྱོར་མི་ནུས་པ་དེ་དག་གིས་རྟོགས་པར་བྱ་བ་འདོད་ནས་སོ།

ཡང་ན་དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ཞེས་བྱ་བ་ནི་འདི་ལ་
བཅོམ་ལྡན་འདས་ཀྱིས་[༨]འཕགས་པ་སྤྲིན་ཆེན་པོའི་མདོ་ལས།
ལི་ཙྪ་བཱི[༩]་གཞོན་
ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་
དགའ་བ་ལུང་བསྟན་པ་ལས། ང་
ཡོངས་སུ་མྱ་ངན་ལས་འད་ས་ནས་འདི་རྒྱལ་པོ་མཐར་འགྲོ་ཞོན་གྱི་དུས་ན་དགེ་སློང་
ཀླུ་ཞེས་བྱ་བར་གྱུར་ནས་ངའི་བསྟན་པ་གསལ་བར༐
བྱས་ཏེ[༡༠]། རིམ་གྱིས་འཇིག་
རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར།
དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་
གནས་འོད་ཅེས་བྱ་བར་འགྱུར་རོ་
ཞེས་ལུང་བསྟན་པ་ད་ང་། དེ་བཞིན་དུ་
58---872


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*