གིས་བསྟན་ཅིང་བཀའ་སྩལ་པ་ཞེས་བྱ་བའི་ཐ་ཚིག་གོ། རྫོགས་པའི་སངས་
རྒྱས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ།
ཆོས་ད་ང་གང་ཟག་བད་ག་མེད་པ་
ཉིད་ཡང་ད་ག་པ་ཕྱིན་ཅི་མ་ལོག་པར་[༢]ཐུགས་སུ་ཆུད་པའི་ཕྱིར་རོ་ཞེས་བྱ་བ་ནི།

ཐེག་པ་ཆེན་པོ་འདི་ལ་བད་ག་མེད་པ་ནི་རྣམ་པ་གཉིས་ཏེ། ཆོས་[༢]བདག་མེད་པ་
དང་།
གང་ཟག་[༤]བདག་མེད་[༥]པའོ། དེ་ལ་ཆོས་ཞེས་བྱ་བ་ནི་ཀུན་རྫོབ་དང་
དོན་དམ་པའི་བདེན་པ་གཉིས་ཀྱི་མཚན་ཉིད་འཛིན་པས་ན་ཆོས་རྣམས་ས་སོ།

གང་ཟག་[༦]ཅེས་བྱ་བ་ནི་འཁོར་བར་ཡང་ད་ང་ཡང་དུ་འགྲོ་བ་ལེན་པ་འམ། ཡང་
དང་ཡང་དུ་ལེན་ཅིང་
འགྲོ་བས་ན་གང་ཟག་གོ། ཆོས་དེ་དག་ད་ང་གང་ཟག་དེ་
བདག་མེད་པ་ཞེས་བྱ་བ་ནི་ཆོས་དེ་དག་དང་གང་ཟག་དེའི་ངོ་བོ་ཉིད་དང་བྲལ་
བའོ།
ཉིད་ཅེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པའི་དངོས་པོ་ནི་ཆོས་
དང་གང་ཟག་བདག་མེད་པ་ཉིད་ད་དོ།
དེ་ཡང་དག་པ་ཕྱིན་ཅི་མ་ལོག་པར་
ཐུགས་སུ་ཆུད་
པ་ཞེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པ་ཉིད་ཡང་དག་པ་
ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའོ།
འདི་ལྟར་ཆོས་དེ་དག་
དང་[༧]གང་ཟག་དེ་ལ་ཕྱིན་ཅི་ལོག་ཏུ་རྟོགས་པ་ནི་ཇི་ལྟར་དོན་དམ་པར་ཆོས་རྣམས་
དང་གང་ཟག་[༨]བདག་མེད་པ་དེ་བཞིན་དུ་ཀུན་རྫོབ་ཏུ་ཡང་གཏན་མེད་དོ་
སྙམ་པ་
འམ༑
ཇི་ལྟར་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ཡོད་པ་དེ་བཞིན་དུ་དོན་ད་མ་
པར་ཡང་དངོས་པོ་ཐམས་ཅད་ཡོད་དོ་སྙམ་པའོ།
དེ་ལས་ཟློག་པ་ནི་ཡང་ད་ག་་
པ་ཕྱིན་ཅི་མ་ལོག་པར་[༩]ཐུགས་སུ་ཆུད་པའོ།
ཕྱིར་རོ་ཞེས་བྱ་བ་ནི་དེ་ཡང་དག་
པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་བཅོམ་
ལྡན་འདས་ནི་རྫོགས་པའི་་་
སངས་རྒྱས་ཞེས་བྱའོ།
ཡང་ན་ཡང་དག་པར་སངས་རྒྱས་པ་དངོ་། ཐམས་་
ཅད་སངས་རྒྱས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཀྱང་བྱའོ།

68---969 


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*