www.dharmabook.ru tibetan OCR



ཡང་རང་གི་ལྷ༐བསྒོམ་པ་[༡]ལ་གནས་པར༐གྱུར་པ་[༢]ནི་དམ་ཚིག་གིས་བཅིངས་པའོ།
དེ་གྲུབ་ནས་མངག་གཞུག་མའི་སྦྱོར་བས་བསྒོ་བ་ཐམས་ཅད་བྱེད་དོ་ཞེས་བསྟན་
པའི་ཕྱིར།
མཁའ་དབྱིངས་ཡངས་ཤིང་དག་པ་ནི། ཞེས་བྱ་བ་ལ་སོགས་པ་་
གསུངས་ཏེ།
དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ནམ་མཁའི་དབྱིངས་ཀྱང་རྡོ་རྗེའི་
གཟུགས་
སུ་བྱེད་དོ་ཞེས་རྣལ་འབྱོར་པ་དག་ནུས་པ་ཕུལ་དུ་བྱུང་བ་ལ་ཡིད་རྟོན་་་་
པར་བྱ་བའི་ཕྱིར་
གསུངས་སོ། སངས་རྒྱས་རྡོ་རྗེ་སེམས་ད་པའ་འང་རུང་།
ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་ཐོབ་ཅིང་བརྟུལ་ཞུགས་ཡང་དག་པར་སྤྱོད་པའི་
རྣལ་འབྱོར་པས་
སང་ས་རྒྱས་ལ་སོགས་པར་[༢]རང་གི་དཀྱིལ་འཁོར་གྱི་གནས་ལྔར་
བསམས་ལ།
དེ་ནས་ཡི་གེ་མྃ་[༤]ལས་ནམ་མཁའ་ལ་འཇམ་པའི་དབྱངས་རྣམ་
ར་བསྒོམས་ཏེ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལྟ་བུར་[༢]འཕགས་
པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་བསྐྱེད་ལ་དེས་རྣམ་པར་སྣང་
མཛད་ལ་སོགས་པའི་སྐུ་
ལྔ་པོ་དེ་རྣམས་རང་གི་དཀྱིལ་འཁོར་ལ་གནས་པ་ལ་དེས་་
བུ་ལ་གཟིར་[༦]བས་གཟུགས་ལྔ་པོ་དེ་རྣམས་བརྒྱལ་བར་གྱུར་པར་བསམ་མོ།
དེ་བཞིན་དུ་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་གཟིར་བས་དངོས་གྲུབ་
ཏུ་སྩོལ་ཏེ། དེ་བཞིན་དུ་གནོད་མཛེས་ལ་སོགས་པ་ད་ག་ཀྱང་བསྟན་པར་བྱ་བའི་
ཕྱིར༑
ནམ་མཁའ་རྡོ་རྗེ་དབུས་བསམ་པ། ཞེས་བྱ་བ་ལ་སོགས་པ་གསུངས་
སོ༑
རྡོ་རྗེ་སྔགས་ནི་ཧཱུཾ་ལ་སོགས། ཞེས་བྱ་བ་ནི་གནོད་མཛེས་ཀྱི་ཡི་གེ་ཧཱུྃ་ནི་
རྡོ་རྗེའི་[༧]སྔགས་ཏེ། སོགས་པའི་སྒྲ་ནི་དེ་ལས་གཞན[༨]་པའོ། ཨོཾ་ནི་མིག་ལ་་་་་
བསམ་བྱས་ན།
ཞེས་བྱ་བ་ནི་ཡི་གེ་ཨོཾ་སྒྲོན་མ་ལྟ་བུ་བད་ག་དང་ཕ་རོལ་གྱི་[༩]མིག་
གཉིས་ལ་
བསམས་ན་ལྷ་ཐམས་ཅད་ཀྱི་གཟུགས་དེས་མཐོང་བར་འགྱུར་རོ། 
རྣམ་པར་སྣང་མཛད་གཟུགས་ཆེན་པོས། ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཨོཾ་་་་་
23---882

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*