www.dharmabook.ru tibetan OCRབརྩོན་འགྲུས་ད་ང་། དྲན་པ་ད་ང་། ཏིང་ངེ་འཛིན་དང་། ཤེས་རབ་དང་།
རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བའི་རྣམ་པ་དྲུག་དང་། སྐུ་དང་གསུང་
དང་ཐུགས་ཀྱི་ཕྲིན་ལས་རྣམས་[༡]ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་
བའི་རྣམ་པ་གསུམ་དང་།
འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ།
མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་ནམ་པ་[༢]གསུམ་སྟེ། དེ་ལྟར་སངས་རྒྱས་ཀྱི་་་
ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པ་དག་དང་།
སངས་རྒྱས་ཐམས་ཅད་ཀྱིས་
བཤད་པའི་དེ་བཞིན་ཉིད་ད་ང་།
ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་
འབྱུང་དང་། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་
རྒྱས་ཉིད་ཀྱི་རྣམ་པ་
གསུམ་སྟེ། དེ་ལྟར་ན་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་
དགུའོ།
དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་
དཔའི་བྱེ་བྲག་གིས།
གོ་རིམས་བཞིན་དུ་ཟག་པ་མེད་པ་དང་། ཟག་པ་དང་བཅས་
པ་ད་ག་ཀྱང་ཡིན་ནོ།
ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་ཟག་
པ་དང་བཅས་པ་ཁོ་ན་
ཡིན་ནོ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་པ་ད་ང་ཤེས་བྱའི་སྒྲིབ་པའི་བག་ཆགས་
ད་ང་བཅས་ཏེ་རྣམ་པ་ཐམས་ཅད་དུ་སྤངས་པས་ཆོས་ཐམས་ཅད་ལ་མངའ་སྒྱུར་
བའི་ཕྱིར་ཟག་པ་མེད་པ་
ཁོ་ན་དག་ཡིན་ཏེ། རྣམ་པ་རྣམས་གཅིག་ཏུ་བསྡོམས་ན་
རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡོད་ད་དོ།

སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་བསྒོམ་དགོས་ན་དེ་དག་ཀྱང་
བུ2---276

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*