|
དཔའི་བསླབ་[༡]པ་དག་ལ་ཤིན་ཏུ་ལེགས་པར་བསླབས་[༢]པའོ། །སྦྱིན་པ་ཚུལ་ ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་བརྩོན། །ཞེས་ བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྙིང་རྗེས་ནི་[༢]ཐེག་པ་ཆེན་པོའི་དོན་་་་་ མཐའ་དག་བསྡུས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ནཱ་[༤]གརྫུ་ནས་ཇི་སྐད་ད་དུ། སྦྱིན་པ་ཚུལ་ཁྲིམས་བཟོད་དང་བརྩོན། །བསམ་གཏན་ཤེས་རབ་སྙིང་རྗེ་ཡི། ། བདག་ཉིད་ཐེག་པ་ཆེན་པོ་འདི། །སངས་རྒྱས་བྱང་ཆུབ་སེམས་དཔས་བསྔགས།། སྦྱིན་པ་རང་གི་བདོག་[༥]པ་གཏོང་། །ཚུལ་ཁྲིམས་གཞན་ལ་ཕན་པ་བྱེད་། ། བཟོད་པ་ཁྲོ་བའི་གཉེན་པོར་གསུངས། །བརྩོན་འགྲུས་ད་གེ་ལ་བརྩོན་པ་སྟེ། ། བསམ་གཏན་ཉོན་མོངས་མེད་རྩེ་གཅིག །ཤེས་རབ་བདེན་དོན་[༦]ངེས་འབྱེད་ ཡི་ན༑ །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་[༧]བདེ། །བཟོད་པས་མདངས་ད་ང་ བརྩོན་པས་འོད། །བསམ་གཏན་ཞི་དང་བློ་གྲོས་གྲོས་གྲོལ། །སྙིང་རྗེས་ཐམས་ཅད་ སྒྲུབ་པར་བྱེད། །ཅིག་ཅར་ཕ་རོལ་ཕྱིན་གྱུར་པའི། །དགེ་བ་བདུན་པོ་འདི་་་་ དག་ག་གིས། །ཤེས་བྱ་དཔག་མེད་ཡུལ་གྱུར་པའི། །འཇིག་རྟེན་མགོན་པོ་ཉིད་ ཐོབ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དུས་བཞིན་དང་ནི་མཐུ་བཞིན་དུ། ། ཤེས་རབ་དྲན་པ་སྔོན་འགྲོ་བ། །ཞེས་བྱ་བ་ནི་གདུལ་བའི་དུས་ཇི་ལྟ་བ་བཞིན་་་་ དང་། རང་གི་ནུས་པའི་མཐུ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དང་དོན་དམ་པ་པའི་ ས་རབ་རྣམ་པ་གཉིས་དང་རྗེས་སུ་དྲན་པ་དྲུག་བསྒོམ་པ་སྔོན་དུ་འགྲོ་བས་སྦྱིན་ པ་ལ་སོགས་པ་གོམས་པར་བྱེད་པ་སྟེ། ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཇི་ སྐད་ད་དུ། གལ་ཏེ་སྦྱིན་པ་དང་། གཏོང་བ་དང་། རྣམ་པར་སྤོང་བ་ལ་སློབ་ པར་མི་ནུས་པར་གྱུར་ན་འདི་ལྟར་སོ་སོར་ཡང་དག་པར་སློབ་པར་བྱེད་ད་དེ། དུས་ དུས་སུ་ཅུང་ཟད་ཅུང་ཟད་འདོད་པ་དང་། སེར་སྣ་དང་སྦྱིན་པས་འཇིགས་པ་་་ གླ8---་326 * * * * * * * * * * * * * * * * * * * * * * * * * |