|
བའི་སྨྲ་བ་སྤངས་པ་ཡིན། །གང་དག་ཡང་དག་པ་མ་ཡིན་པའི་ཕྱིར་ལྡོང་དུམ་ལ་ མིར་ཤེས་པ་བཞིན་ནོ་ཞེས་ཟེར་བའི་ཡང་དག་པ་མ་ཡིན་པས་ཡང་དག་པ་མ་ཡིན་ པའི་འཁྲུལ་པ་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ། ཡང་ད་ག་པ་མ་ཡིན་པ་ཉིད་ཀྱིས་ ཅི་ཐག་པ་ལ་འཁྲི་ཤིང་བསྡོགས་པར་ཤེས་པ་སྦྲུལ་དུ་འཁྲུལ་པ་སྤོང་བར་འགྱུར་བ་་ ཉིད་ཡིན་ནམ། འོན་ཏེ་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་སྡོང་དུ་མ་ལ་མིར་འཁྲུལ་ པ་བྲལ་བར་མི་འགྱུར་བ་ཞེས་བྱ་བ་ནི་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་ ཡང་གཞན་གྱིས་[༢]ིཁས་བླངས་པའི་ཡང་ད་ག་པའི་ལམ་གྱིས་ཡང་དག་པའི་ཉོན་ མོངས་པ་བསགས་པ་ཟད་པར་འགྱུར་རོ་ཞེས་བྱ་བ་དེ་ཡང་དཔེ་འདིས་ཡང་དག་པ་ མ་ཡིན་པའི་འདི་གཉིས་བྲལ་བར་[༢]བྱེད་པས་ཉན་ཐོས་ཀྱི་ཐེག་པར༐སྨྲ་བ[༤]་དེ་སྤོང་ བ་ཡིན་ནོ། །གཞན་ཡང་། ཀུན་ནས་ཉོན་མོངས་གཉེན་པོའི་ཕྱིཕྱིར། །འདིས་ ནི་ལན་ཡང་བཏབ་པ་[༢]བྱས། །ཡང་གལ་ཏེ་གཞན་ད་ག་ན་རེ་ལམ་ནི་ཡང་ད་ག་ པ་ཡིན་ཏེ། ཀུན་ནས་ཉོན་མོང་ས་པའི་གཉེན་པོ་ཡིན་པའི་ཕྱིར་མུན་པའི་གཉེན་ པོའི་སྣང་བ་བཞིན་ནོ་ཟེར་ན། དེ[༦]་ཡང་ཡང་དག་པ་མ་ཡིན་པའི་ཀུན་ནས་ཉོན་ མོངས་པ་ཡང་དག་པ་མ་ཡིན་པའི་གཉེན་པོས་[༧]སྤོང་བར་བྱེད་དོ་ཞེས་བྱ་བ་ཐག་པ་ དང་སྦྲུལ་དང་འཁྲི་ཤིང་བསྡོགས་པའི་དཔེ་འདི་དག་ཉིད་ཀྱིས་ལན་བཏབ་པ་ཡིན་ པར་རིག[༨]་པར་བྱའོ། །གཏན་ཚིགས་མ་[༩]ངེས་པ་ཉིད་དུ་རྒོལ་བ་ཡང་སྤངས་པ་ ཡིན་ན་ནོ། །འདིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་[༡༧]གསུང་མ་ཡིན་ནོ་ཞེས་སྔར་་ བདག་ཅག་གིས་བསྒྲུབས་[༡༧]ཟིན་པས་དེའི་ཕྱིར་ན་ལུང་མེད་པའི་ཐོག་པ་ཆེན་པོར་ བསྟན་པ་ནི་རིགས་པ་མ་ཡིན་ཏེ། ཚད་མའི་རྟོག་གེ་སྐོམ་[༡༧]པོ་ཡིན་པའི་ཕྱིར་རོ་ ཞེས་ཟེར་བའི་ལན་གདབ་པར་བྱ་བའི་ཕྱིར་ཕྱོགས་སྔ་མ་ད་ང་གཉེན་པོའི་ཕྱོགས་ཀྱི་ དབྱེ་བ་བརྗོད་པ། ཐེག་ཆེན་སངས་རྒྱས་གསུང་ཡིན་ཏེ། །བདག་མེད་ལ་་་་ 5་8---400 * * * * * * * * * * * * * * * * * * * * * * * * * |