|
གཉིས་ཀ་ལ་མ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེ་ན། ཉོན་མོངས་པ་ཅན་མ་ ཡིན་པའི་མི་ཤེས་པ་རང་བྱུང་ཕྱིན་ཅི་མ་ལོག་པར་སྐད་ཅིག་མ་གཅིག་གིས་ཆོས་ ཐམས་ཅད་མངོན་པར་རྟོགས་པའི་ཡེ་ཤེས་ཀྱིས་རབ་ཏུ་སྤངས་ཤིང་མི་དམིགས་པ་ ལ་གོམས་པར་བྱས་[༡]ིཔས་ཤིན་ཏུ་བྲལ་བར་གྱུར་པ་ནི་ཐེག་པ་གཞན་ཉིད་དུ་འདི་ སངས་རྒྱས་ཀྱིས་[༢]ི་གསུངས་པ་ཡིན་པས་གཉི་ག་ལ་མ་གྲུབ་པ་[༢]ཡིན་ནོ། །ཕྱིར་་ རྒོལ་ཚད་མས་[༦]གནོད་པའི་ཕྱིཕྱིར། །དེ་ཡི་གཏན་ཚིགས་མ་གྲུབ་ཉིད་། །གང་ ད་ག་གིས་[༥]ཕྱོགས་སྔ་མར། ཐེག་ཆེན་སངས་རྒྱས་གསུང་[༦]མ་ཡིན། །མདོ་སྡེ་་ སོགས་སུ་མ་བསྡུས་ཕྱིར། །རིག་[༧]བྱེད་མཐའ་པའི་ལྟ་བ་བ་བཞིན། །ཞེས་གང་ སྨྲས་པའི་ཚད་མ་དེ་ལ་ཡང་ལན་བཏབ་པའི་ཕྱིར་གང་གིས་འདི་ལ་གནོད་པར་ འགྱུར་བ་སྒྲུབ་[༨]ཅིང་བརྗོད་པར་བྱའོ། །གང་གིས་མདོ་སྡེ་ལ་སོགས་པར་མ་ བསྡུས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་ནི་མ་གྲུབ་པ་ཉིད་ད་དེ། ཇི་ལྟ[༩]་ཞེ་ན། ཐེག་པ་ཆེན་པོར་བསྟན་པའི་བདེན་པ་ལ་སོགས་པ་ནི་འདུ་[༡༠]བ་ལ་སོགས་པའི་ནང་ དུ་བསྡུས་པའི་ཕྱིར་ཏེ། གང་འདི་ལྟར་སྡུག་བསྔལ་ད་ང་། ཀུན་འབྱུང་[༡༧]ད་ང་། འགོག་པ་དང་། ལམ་གྱི་བདེན་པ་དང་། དབང་པོ་ད་ང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་ དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ སོགས་པ་ཐེག་པ་ཆེན་པོར་བསྟན་པ་དེ་དག་ཉིད་འདུལ་བ་དང་། མདོ་སྡེ་ད་ང་། ཆོས་མངོན་པ་རྣམས་སུ་ཡི་གེ་དེ་དེ་དང་། ཚིག་དེ་དག་དང་གསལ་བྱེད་དེ་དག་ ཉིད་ཀྱིས་བསྟན་ཏེ། དེ་རྣམས་བསྒོམས་[༡༧]པས་ཉོན་མོངས་པ་སྤོང་བར་ཀུན་ཀྱང་ མཚུངས་ས་སོ། །ཁྱད་པར་ནི་ཐེག་པ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་བྱའི་ སྒྲིབ་པ་སྤངས་པ་ནི་བཅོམ་ལྡན་འདས་འབའ་ཞིག་ཡིན་ནོ། །འདིས་ནི་འདུལ་བ་ གླ་8---402 * * * * * * * * * * * * * * * * * * * * * * * * * |